ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བས་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20201227090616HRly.jpg

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བས་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་འགྲོ་སོང་གཞན་པའི་རྩིས་བཤེར་ལས་རྙེད་པའི་གནད་དོན་གྱི་ལེགས་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད་ཆེད་དོན་བློ་འདྲི་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བས་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་འགྲོ་སོང་གཞན་པའི་རྩིས་བཤེར་ལས་རྙེད་པའི་གནད་དོན་གྱི་ལེགས་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད་ཆེད་དོན་བློ་འདྲི་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་། 

ཨུ་ཡོན་ཀྲང་གཞོན་པ་ཁྲིན་ཀྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། བསྡོམས་པས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཟུར་ཞུགས་བློ་མཐུན་དྲུག་གིས་ཚོགས་ཐོག་ནས་བློ་འདྲིའི་དྲི་བ་བཏོན། ཨུ་ཡོན་ལོས་ཝེ་ཡིས་དུས་ལྟར་ལས་མགོ་མ་བརྩམས་པའི་ལས་གཞི་སྐོར་ཞིག་གི་རྗེས་འདེད་ལྟ་རྟོག་ལེགས་བཅོས་ལ་ཇི་ལྟར་ཤུགས་སྣོན་པའི་སྐོར་གྱི་གནད་དོན་དང་། ཨུ་ཡོན་ཀྲུའུ་མེན་ཁྲོན་གྱིས་ཚན་རྩལ་ཐོན་ཁུངས་བེད་སྤྱོད་ཕན་ནུས་ཇི་ལྟར་སྔར་ལས་ཇེ་ཆེར་གཏོང་བ་སོགས་ཀྱི་གནད་དོན། ཨུ་ཡོན་ཞུའུ་རོའུ་ཅོན་གྱིས་ལས་ཞུགས་ཁ་གསབ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་མ་དངུལ་ཇི་ལྟར་བེད་སྤྱོད་བཟང་བོ་བྱེད་པ་སོགས་ཀྱི་གནད་དོན། ཨུ་ཡོན་ཡུན་ཀྲུང་ཆིན་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་བགོ་བཤའི་དོ་དམ་བྱ་བར་ཇི་ལྟར་ཤུགས་སྣོན་པ་སོགས་ཀྱི་གནད་དོན། ཁྲོང་ཆིན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཡའོ་ཡིས་རྒྱལ་དབང་མ་རྩའི་ཚོང་གཉེར་སྔོན་རྩིས་ཀྱི་སྒྲིག་བཟོའི་སྙན་ཞུར་ཇི་ལྟར་ཤུགས་སྣོན་པ་སོགས་ཀྱི་གནད་དོན། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་གོ་ཆིན་ཕེན་གྱིས་རྩིས་བཤེར་ལས་རྙེད་པའི་གནད་དོན་གྱི་ལེགས་བཅོས་འགན་འཁྲི་ཇི་ལྟར་སྔར་ལས་གསལ་བོ་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་སོ་སོར་དྲི་བ་བཏོན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལི་ཧྥུན་དང་། རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་དཔོན་པོ་ཧི་ཁའེ། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིའུ་ཁོན། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཝང་མིན་ཧོས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧོ་ཕིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་ཀྲུང་། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡི་ཅུའུ་ཀྲང་ཧྲིན་ཁྲང་ཡུས། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཅིན་ཧེ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་བསམ་འཆར་ལ་ཉན་པ་དང་དྲི་བར་ལན་བཏབ། ཚང་མས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཤིང་། དམངས་ཆེན་གྱིས་ལྟ་རྟོག་བྱེད་པའི་འབྲེལ་ཡོད་རེ་བ་ལྟར། རིགས་དགར་ནས་ལེགས་བསྒྱུར་འཆར་གཞི་གཏན་འབེབས་བྱེད་པ་དང་། ལེགས་བསྒྱུར་ནང་དོན་ཡོད་ཚད་ལ་བཀོད་སྒྲིག་ཡོད་པ་དང་བྱེད་ཐབས་ཡོད་པར་འགན་སྲུང་བྱས་ཏེ། བཅོས་བསྒྱུར་གསར་གཏོད་ལ་ཡར་སྐུལ་གཏོང་བ་དང་རྒྱུན་ཆད་མེད་པར་བྱ་བ་ལེགས་བཅོས་བྱས་ནས་སྒྲིག་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ཟེར། 

ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམངས་ཆེན་གྱི་ལྟ་རྟོག་དང་རྩིས་བཤེར་ལྟ་རྟོག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཐད་རེ་བ་གསར་བ་མང་བོ་བཏོན་པ་དང་། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་གཞིགས་ཏེ། བསམ་བློའི་ཐད་ནས་མཐོང་ཆེན་དང་གནད་དོན་རྩད་གཅོད་དང་གནད་དོན་ལེགས་བཅོས། བཅོས་སྐྱོང་དང་སྔོན་འགོག་ཟུང་འབྲེལ་གང་ལེགས་བྱས་ནས། རྩ་བའི་ཐོག་ནས་ཡང་ཡང་བཅོས་བསྒྱུར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས། རྩད་ཆོད་པའི་གནད་དོན་དང་ཁྱད་པར་དུ་ཡོངས་ཁྱབ་རང་བཞིན་དང་སྤྱི་མཐུན་རང་བཞིན། བཅོས་དཀའི་རང་བཞིན་བཅས་ལྡན་པའི་གནད་དོན་ལ་དམིགས་ཏེ། དོན་ཚན་དང་ནང་དོན་རེ་རེ་བཞིན་ལེགས་བཅོས་རེ་བ་དང་འགན་འཁྲི། ཡུན་ཚད་བཅས་གཏན་འཁེལ་གསལ་བོ་བྱེད་པ་དང་། ནན་ཏན་གྱིས་འགན་འཁྲིའི་རྩད་གཅོད་ལམ་ལུགས་དངོས་འབེབ་བྱས་ཏེ། བཅའ་ཁྲིམས་ཀྱི་དབང་གྲགས་དང་ལྟ་རྟོག་གི་དབང་གྲགས་ཆགས་པར་བྱེད་དགོས། ལྟག་རྒྱབ་ཀྱི་རྒྱུ་རྐྱེན་བཙལ་བ་དང་། གཏིང་ཟབ་ཏུ་བཅོས་བསྒྱུར་དང་སྒྲིག་ཡིག་འཛུགས་པ། དོ་དམ་དང་ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་པ། བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ལམ་ལུགས་དང་རྩ་བའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས། རྩིས་བཤེར་བྱ་བའི་སྙན་ཞུ་དང་། གྲོས་ཞིབ་བསམ་འཆར། རྩིས་བཤེར་མཇུག་འབྲས། ལེགས་བསྒྱུར་མཇུག་འབྲས་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དམངས་ཆེན་གྱི་ལྟ་རྟོག་བྱ་བའི་བྱེད་ཐབས་ལེགས་བཅོས་དང་། རྗེས་འདེད་ལྟ་རྟོག་ལ་ཤུགས་བསྣན་ནས། སྔར་ལས་ལྷག་པའི་སྒོ་ནས་ལྟ་རྟོག་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།