ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་བཏང་། བརྡ་ཐོའི་ནང་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བ་འགོ་ཚུགས་པའི་ལོ་ཡང་ཡིན་པས། ལུགས་གསར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ་ཟེར།

བརྡ་ཐོ་ལས་རྒྱུན་འཁྱོངས་ལྷོད་མེད་སྒོས་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒྱུན་རྣམ་ཅན་གྱི་གནད་འཁེལ་འགོག་སྲུང་དང་ཁག་གཅིག་གི་འཕྲལ་སྒྲུབ་ཐག་གཅོད་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྷོད་གཡེང་དང་སྣང་མེད་དུ་འཇོག་པའི་སྤྱོད་ཚུལ་གཙང་སེལ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱི་ནས་མཆེད་ཡོང་བར་འགོག་སྲུང་དང་ནང་ནས་བསྐྱར་འཕར་འབྱུང་བ་སྔོན་འགོག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ལ། དུས་ཆེན་གཉིས་ཀྱི་སྐབས་སུ་མི་སྣ་འདུ་འཛོམས་བྱེད་རྒྱུ་ཇེ་ཉུང་དུ་གཏོང་བ་དང་། འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་ནས་གཞི་ཁྱོན་རང་བཞིན་གྱི་ཕྱི་ནས་མཆེད་མི་ཡོང་བ་དང་ནང་ནས་བསྐྱར་འཕར་མི་འབྱུང་བ་འགན་སྲུང་བྱེད་དགོས།

དཀའ་ཁག་ཆེ་བའི་མང་ཚོགས་ལ་སེམས་ཁུར་བྱས་ཏེ་དུས་ཐོག་ཏུ་སྤྱི་ཚོགས་ཉེན་སེལ་ཐོབ་ཐང་སྟེར་བ་དང་། མས་སྐྱོར་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་ནས། ཏང་དང་སྲིད་གཞུང་གི་དྲོད་ཁོལ་གནང་བ་མཚོན་པར་བྱེད་དགོས། སྤྱི་ཚོགས་རྒུད་སྐྱོབ་ཐབས་ལམ་བརྒྱུད་དེ་དཀའ་ཁག་ཆེ་བའི་མང་ཚོགས་དང་ལྷག་པར་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དཀའ་ཁག་ཆེ་བའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོར་གནང་རྒྱུ་འགན་སྲུང་བྱེད་དགོས།

ཚད་མཐའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ། རིམ་པ་བཞིན་འགན་འཁྲི་ལག་བསྟར་ནན་མོ་བྱེད་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས།  གྲོན་ཆུང་དང་དཔལ་ཡོན་ལྡན་པའི་སྒོ་ནས་དུས་ཆེན་རོལ་བའི་དར་སྲོལ་བཟང་བོ་དར་སྤེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གང་ལེགས་སྒོས་གྲོན་ཆུང་དང་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་བྱེད་པ་དང་ལྷག་པར་དུ་བཟའ་བཏུང་ཆུད་ཟོས་སུ་གཏོང་བ་གཏན་འགོག་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ནས། སྤྱི་ཚོགས་ཡོངས་སུ་ཆུད་ཟོས་སུ་བཏང་ན་ངོ་ཚ་ཡིན་པ་དང་གྲོན་ཆུང་བྱས་ན་གཟི་བརྗིད་ཡིན་པའི་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་ད་དུང་རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་བསྲང་སྒྲིག་གཅུན་ལ་སྐུལ་འདེད་གཏོང་བ་དང་། འཕྲལ་སྒྲུབ་གཏན་སྲུང་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་རེ་བ་བཏོན། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།