ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126899331_16087380043711n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་ལྔ་བ་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་བྱས།  

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་ལྔ་བ་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་བྱས།     ཁོས་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིས་བཟོས་རིག་ནུས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།    མིས་བཟོས་རིག་ནུས་ཀྱིས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་གྱི་གོ་སྐབས་གལ་ཆེན་དམ་པོར་འཛིན་པ།   ལོ་རྒྱུས་དང་རྩོད་སྒྲུབ།  ཁྱོན་ཡོངས་བཅས་ཀྱི་སྒོ་ནས་མིས་བཟོས་རིག་ནུས་འཕེལ་རྒྱས་ཁྲོད་ཀྱི་ཚན་རྩལ་མི་ཆོས་དང་བཅའ་ཁྲིམས་གནད་དོན་ལ་ལྟ་བ།  གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ།   ཀྲུང་གོའི་གནས་ཚུལ་དང་མཐུན་པའི་མིས་བཟོས་རིག་ནུས་བཅོས་སྐྱོང་སྒྲོམ་གཞི་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་པ།  རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཨུ་ཡོན་དང་ཆེད་མཁས་པ་བཅུ་གཅིག་གིས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས་ཟུར་མི་འདྲ་བ་ནས་གྲོས་འདོན་ཇུས་འབུལ་བྱས།   ཨུ་ཡོན་དྲུག་ཅུ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་སྤོ་འགུལ་འགན་སྒྲུབ་སྟེགས་བུའི་སྟེང་བསམ་འཆར་བཏོན།    ཚང་མས་བལྟས་ན།   ཚན་རྩལ་གསར་སྐྲུན་གྱི་ལས་གཞི་གལ་ཆེན་གང་ཞིག་ཡིན་ཡང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པ་དང་ཐོན་སྐྱེད་འབྲེལ་བའི་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བར་མ་ཟད།   སྤྱི་ཚོགས་འཚོ་བའི་བྱེད་ཐབས་དང་མི་ཆོས་གོ་རིམ་གྱི་མཐུན་སྦྱོར་ལ་ཤུགས་རྐྱེན་ཐེབས་པ་ཡིན།  མིས་བཟོས་རིག་ནུས་ལག་རྩལ་ལ་གཏིང་ཟབ་རང་བཞིན་དང་རྩ་སློག་རང་བཞིན་ཆེན་པོ་ལྡན་པ་དང་།  དེའི་ཚན་རྩལ་མི་ཆོས་དང་བཅའ་ཁྲིམས་གནད་དོན་སྔར་ལས་རྙོག་འཛིང་སྣ་མང་ཅན་ཡིན་པ།   མི་ཆོས་དང་བཅའ་ཁྲིམས་ཀྱི་ཉེན་ཁ་སློང་སྲིད་པས་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས་པར་འདོད།

ཨུ་ཡོན་ཁ་ཤས་ཀྱིས་མིས་བཟོས་རིག་ནུས་ཀྱི་མི་ཆོས་ཚད་ལྡན་དང་བཅའ་ཁྲིམས་ཁྲིམས་སྲོལ་འཛུགས་སྐྲུན་བྱེད་པ་དེ་མི་དམངས་མང་ཚོགས་དང་དེང་རབས་ཅན།  འཛམ་གླིང་ཡོངས་ལ་ཁ་ཕྱོགས་དགོས་པའི་གྲོས་གཞི་བཏོན།   དེ་མིན་མིའི་ངོ་གདོང་ངོས་འཛིན་དང་སྐད་གདངས་མཉམ་བསྲེས།  ཞབས་ཞུའི་འཕྲུལ་ཆས་ཀྱི་མི་སོགས་ཁྱབ་ཁོངས་གཅིག་བསྡུས་བྱེད་པ་དང་།  འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་སྒོ་ནས་འབྲེལ་ཡོད་བཅའ་ཁྲིམས་གཏན་ཁེལ་བྱེད་དགོས་པའི་གྲོས་གཞི་བཏོན།   གཞི་གྲངས་དབང་ཆའི་གནད་དོན་ཞིབ་འཇུག་ལ་མཐོང་ཆེན་བྱེད་པ་དང་དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་བ།  རྒྱལ་སྤྱིའི་བརྗེ་རེས་དང་གྲོས་མོལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ་འཛམ་གླིང་ཡོངས་ཀྱི་མིས་བཟོས་རིག་ནུས་མི་ཆོས་རྩ་དོན་གཏན་ཁེལ་བྱེད་ཁྲོད་ཧུར་ཐག་གིས་ཞུགས་དགོས་ཟེར།

ཁྲུན་ཞའོ་ཀོང་གིས་བརྗོད་དོན་གཏམ་བཤད་སྤེལ།  ཚན་རྩལ་པུའུ་ཡི་འགན་ཁུར་མི་སྣས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ།   ཁྲིམས་འཛིན་པུའུ་བཅས་སྡེ་ཁག་གི་འགན་ཁུར་མི་སྣས་གྲོས་མོལ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།