《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྡུས》པར་སྐྲུན་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས23ཉིན། 《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྡུས》ཀྱི་པོད་དང་པོ་ནས་གསུམ་པའི་སོག་ཡིག་དང་བོད་ཡིག ཡུ་གུར་དང་ཧྭ་སག་དང་ཁྲའོ་ཞན་བཅས་ཡིག་རིགས་དང་། དབྱི་ཡིག་དང་ཀྲོང་རིགས་སྐད་ཡིག་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ཀྱི་པར་གཞི་པར་སྐྲུན་བྱས་ཤིང་། དེ་དག་ཚང་མའི་ལོ་ཙཱའི་བྱ་བ་ལེགས་འགྲུབ་བྱུང་བ་དང་ཉེ་ཆར་རྒྱལ་ཡོངས་སུ་པར་སྐྲུན་འགྲེམ་སྤེལ་བྱས། ཀྲུང་གུང་ཀྲུང་དབྱང་ཡིག་ཚང་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྡུས》ཀྱི་པོད་དང་པོ་ནས་གསུམ་པ་དེ་2016ལོའི་ཟླ9བར་མི་དམངས་པར་སྐྲུན་ཁང་གིས་པར་སྐྲུན་བྱས། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་དང་། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཐུན་སྦྱོར་འོག ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུའུ་ཡིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཡིག་བསྒྱུར་དཔུང་ཁག་རྩ་འཛུགས་བྱས་ཏེ། ལོ་ངོ་བཞིའི་དུས་ཚོད་ནང་། 2020ལོའི་ཟླ12པར་ཡིག་རིགས་བདུན་གྱི་གྲངས་ཉུང་མི་རིགས་ཡིག་རིགས་ཀྱི་《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྡུས》ཀྱི་ལོ་ཙཱའི་བྱ་བ་ལེགས་འགྲུབ་བྱུང་།《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྡུས》ཀྱི་གྲངས་ཉུང་མི་རིགས་ཡིག་རིགས་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས་རྒྱལ་ཡོངས་རྒྱ་ཆེའི་གྲངས་ཉུང་མི་རིགས་ལས་བྱེད་དང་མང་ཚོགས་ཀྱིས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྱི་གཞུང་ལུགས་གྲུབ་འབྲས་ལ་སློབ་སྦྱོང་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཐོབ་པར་བརྩོན་ལེན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོབ་ངེས།

ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྡུས》ཀྱི་སོག་ཡིག་དང་བོད་ཡིག ཡུ་གུར་རིགས་ཀྱི་ཡིག་རིགས། ཧ་སག་རིགས་ཀྱི་ཡིག་རིགས། ཁྲའོ་ཞན་རིགས་ཀྱི་ཡིག་རིགས་བཅས་ཀྱི་པར་གཞི་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བསྡུས》ཀྱི་དབྱི་རིགས་ཀྱི་ཡིག་རིགས་དང་ཀྲོང་རིགས་ཀྱི་ཡིག་རིགས་གཉིས་ཀྱི་པར་གཞི་སོ་སོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། ཀོང་ཞི་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།