ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་དེ《དམག་དཔུང་གི་རྒྱབ་ཕྱོགས་ཞབས་འདེགས་སྲོལ་ཡིག》འགྲེམས་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས23ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་དེ《དམག་དཔུང་གི་རྒྱབ་ཕྱོགས་ཞབས་འདེགས་སྲོལ་ཡིག》འགྲེམས་སྤེལ་བྱས་ཤིང་། 2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་དང་། “དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱིའི་དོ་དམ་དང་། གཡུལ་འགྱེད་ས་ཁུལ་གྱི་དམག་འཐབ་གཙོ་བོ། དམག་རིགས་གཙོ་བོ་འཛུགས་སྐྱོང”བཅས་བྱེད་པའི་སྤྱིའི་རྩ་དོན་ལྟར། དམག་དཔུང་གི་རྒྱབ་ཕྱོགས་ཞབས་འདེགས་མ་ལག་བསྐྱར་སྐྲུན་དང་། རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་གི་འབྲེལ་བ་མཐུན་སྦྱོར། རྒྱབ་ཕྱོགས་ཞབས་འདེགས་ལས་ཀའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་རྒྱབ་ཕྱོགས་ཞབས་འདེགས་འཛུགས་སྐྲུན་བྱེད་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱ་དགོས། དུས་རབས་གསར་པའི་དམག་དཔུང་གི་ལས་འགན་ཕན་ནུས་ལྡན་པའི་ངང་སྒྲུབ་པར་འགན་སྲུང་བྱ་དགོས།

《སྲོལ་ཡིག》དེར་སྤྱིའི་རྩ་དོན་དང་། རྒྱབ་ཕྱོགས་ཞབས་འདེགས་འགན་ལེན་སྒྲིག་སྲོལ། དམག་དོན་བྱ་སྤྱོད་ཀྱི་རྒྱབ་ཕྱོགས་ཞབས་འདེགས་འགན་ལེན། རྒྱུན་གཏན་གྱི་རྒྱབ་ཕྱོགས་ཞབས་འདེགས་འགན་ལེན། རྒྱབ་ཕྱོགས་ཞབས་འདེགས་ཀྱི་དམག་གྲབས་དང་སྦྱོང་བརྡར། རྒྱབ་ཕྱོགས་ཞབས་འདེགས་འཛུགས་སྐྱོང་། རྒྱབ་ཕྱོགས་ཞབས་འདེགས་དོ་དམ། ཞར་བྱུང་དོན་ཚན་བཅས་སུ་དབྱེ་ཡོད།  ཁྱོན་བསྡོམས་ལེའུ8དང་དོན་ཚན40ཡོད་པ་དེ་ནི་རྒྱབ་ཕྱོགས་ཞབས་འདེགས་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་གཙོ་བོ་ཞིག་ཡིན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།