ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་མི་དར་མའི་ཆ་སྙོམས་ཀྱི་གཟུགས་པོའི་རིང་ཚད་དང་ལྗིད་ཚད་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12བའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཐིང་གིས་ཡོངས་སྒྲོག་ཚོགས་འདུ་བསྡུས་ནས། 《ཀྲུང་གོའི་སྡོད་དམངས་ཀྱི་འཚོ་བཅུད་དང་གཅོང་ནད་གནས་ཚུལ་སྙན་ཞུ(2019ལོ)》བསྒྲགས་པ་རེད།

སྙན་ཞུ་ལས་མངོན་པ་ལྟར་ན། ཀྲུང་གོའི་མི་དར་མའི་ཆ་སྙོམས་ཀྱི་གཟུགས་པོའི་རིང་ཚད་མུ་མཐུད་དུ་འཕར་ཡོད་པ་དང་། ལོ18ནས44བར་གྱི་ཀྲུང་གོའི་སྐྱེས་པའི་ཆ་སྙོམས་གཟུགས་པོའི་རིང་ཚད་ལི་སྨི169.7ཡིན་པ་དང་། ཀྲུང་གོའི་བུད་མེད་ཀྱི་ཆ་སྙོམས་གཟུགས་པོའི་རིང་ཚད་ལི་སྨི158.0རེད། དེ2015ལོར་བསྒྲགས་པའི་མཇུག་འབྲས་དང་སོ་སོར་ལི་སྨི1.2དང་ལི་སྨི0.8འཕར་ཡོད།

微信图片_20201223150520.jpg

གྲངས་གཞི་ལྟར་ན། སྡོད་དམངས་ཀྱི་ལྗིད་ཚད་བརྒལ་ནས་ཚོན་པོའི་གནད་དོན་འབུར་དུ་ཐོན་ཡོད་དེ། ལོ18ཡན་གྱི་སྐྱེས་པ་དང་བུད་མེད་ཀྱི་ཆ་སྙོམས་གཟུགས་པོའི་ལྗིད་ཚད་སྟོང་ཁེ69.6དང་སྟོང་ཁེ59ཡིན་པ་རེད། དེ་ནི2015ལོར་བསྒྲགས་པའི་མཇུག་འབྲས་ལས་སོ་སོར་སྟོང་ཁེ3.4དང་སྟོང་ཁེ1.7འཕར་ཡོད། གྲོང་གསེབ་དང་གྲོང་རྡལ་སྡོད་དམངས་ཀྱི་ལྗིད་ཚད་བརྒལ་ནས་ཚོན་པོའི་ཚད་དེ་མུ་མཐུད་དུ་འཕར་བཞིན་ཡོད། ལོ18ཡན་གྱི་སྡོད་དམངས་ཀྱི་ལྗིད་བརྒལ་ཚད་དང་ཚོན་པོའི་ཚད་སོ་སོ34.3%དང16.4%རེད།

སྙན་ཞུ་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་ལོ18ཡན་གྱི་སྡོད་དམངས་ཀྱི་ཁྲག་ཤེད་མཐོ་བའི་ནད་ཕོག་ཚད27.5%དང་གཅིན་སྙི་ཟ་ཁུའི་ནད་ཕོག་ཚད11.9%དང་། མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ཁྲག་ནད་ཕོག་ཚད8.2%རེད། ལོ40ཡན་གྱི་སྡོད་དམངས་ཀྱི་དལ་ནད་རང་བཞིན་གྱི་ཁྲག་རྩ་འགག་པའི་གློ་ནད་རིགས་ཕོག་ཚད13.6%ཡིན་པ་དང་དེ2015ལོར་བསྒྲགས་པའི་མཇུག་འབྲས་དང་བསྡུར་ན། ཚང་མ་ཆ་སྙོམས་ཀྱིས་ཡར་འཕར་ཡོད། སྡོད་དམངས་ཀྱི་འབྲས་སྐྲན་ཕོག་ཚད་མི་ཁྲི10ནང་མི293.9ཡོད་པ་དང་། སྔར་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། གློ་སྐྲན་དང་ནུ་སྐྲན་ནི་ཕོ་མོའི་སྐྲན་ནད་འབྱུང་བའི་ནད་གཙོ་བོར་གྱུར་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།