ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པ་པེ་ཅིན་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པས་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་པེ་ཅིན་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་ཁང་གི་ཀྲུའུ་ཡིན་ཨུ་ཡོན་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི། རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བྱས་པའི་གནས་ཚུལ་གྱི་སྙན་ཞུ་དང་། རྒྱལ་ཡོངས་དམངས་ཆེན་གྲོས་རིམ་ཆོས་ཉིད་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན།

གྲོས་ཚོགས་ལས་ད་དུང་རྩ་ཁྲིམས་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲིག་ཀོང་ཆོན་གྱིས་ཕུལ་བའི། ནར་མ་སོན་པའི་མིས་ཉེས་པ་གསོག་པའི་རིགས་སྔོན་འགོག་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ་དང་། ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་བཅུ་གཅིག་པའི་མ་ཡིག་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུར་ཉན།

ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞོའུ་ཧོས་ཡིས་ཕུལ་བའི་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ་དང་། ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིག་ཅི་ཞིན་གྱིས་ཕུལ་བའི་རྒྱལ་སྲུང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ། ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་ཞིང་སྡེ་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུ། ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧུའུ་ཁི་མེན་གྱིས་ཕུལ་བའི་མཚོ་ཐོག་ཉེན་རྟོག་པའི་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུ་བཅས་ལ་རིམ་པར་ཉན།

གྲོས་ཚོགས་ལས་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་བཏོན་པའི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟའ་བཏུང་འཕྲོ་བརླག་གཏོང་བར་བཀག་འགོག་བྱ་རྒྱུའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་ལ་ཨ་ལན་གང་ལེགས་བཏབ་པ་ལས་གཞན། ཨུ་ཡོན་ཀྲང་ཚོགས་འདུའི་ཐོག་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིའང་བཏོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞུས་ཨན་པེའོ་ཡིས་དེ་འབྲེལ་གྱི་གསལ་བཤད་བྱས།

ཚོགས་ཐོག་ནས་ཨུ་ཡོན་ཀྲང་ཚོགས་འདུའི་ཐོག་རྩ་འཛུགས་ཡོད་པའི་ནག་ཉེས་གསོག་པར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཉིང་གིས་དེ་འབྲེལ་གྱི་གསལ་བཤད་བྱས།

ཚོགས་ཐོག་ནས་ལྟ་ཞིབ་དཔོན་གྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་། ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝུའུ་ཡུས་ལེང་གིས་དེ་འབྲེལ་གྱི་གསལ་བཤད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།