ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་རྒྱལ་ཁབ70ལྷག་གིས་རྒྱ་ཡིག་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2020ལོའི་རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོ་སྤེལ་རེས་གཟའ་འཁོར་ཚེས14ཉིན་པེ་ཅིང་ནས་འགོ་ཚུགས་པ་དང་། གསར་འགོད་པས་མཛད་སྒོའི་སྟེང་ནས་ཤེས་རྟོགས་བྱུང་བར། མིག་སྔར་འཛམ་གླིང་ཡོངས་སུ་རྒྱལ་ཁབ70ལྷག་གིས་རྒྱ་ཡིག་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ཡོད།

སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པའམ་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཐེན་ཞུའེ་ཅུན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་བསྟན་དོན། སྐད་ཆ་ནི་བརྗེ་རེས་ཀྱི་ལག་ཆ་དང་རིག་གནས་ཀྱི་གཞི་རྟེན་ཡིན། ལོ་མང་བོའི་གོང་འཕེལ་བརྒྱུད། མིག་སྔར་གོ་ལ་ཧྲིལ་པོར་རྒྱལ་ཁབ70ལྷག་ཙམ་གྱིས་རྒྱ་ཡིག་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཀྱི་སློབ་ཆེན4000ལྷག་ཙམ་ལ་རྒྱ་ཡིག་གི་སློབ་ཚན་བཀོད་སྒྲིག་བྱས་ཡོད། རགས་རྩིས་ལྟར་ན། མིག་སྔར་ཀྲུང་གོ་ཕུད་པའི་རྒྱ་ཡིག་སློབ་སྦྱོང་བྱེད་བཞིན་པའི་མི་གྲངས་ཧ་ལམ་ཁྲི2500ལྷག་ཡོད་པ་དང་། རིམ་རྩིས་བྱས་ན་རྒྱ་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་མི་གྲངས་དུང་ཕྱུར2ལ་ཉེ་བ་ཡོད་པ་དང་། རྒྱལ་སྤྱིའི་རྒྱ་ཡིག་གི་སློབ་གསོ་ནི་རྒྱ་ཆེ་ཞིང་རྨང་མཐུག་པ་ཡིན།

ཐེན་ཞུའེ་ཅུན་གྱིས་བཤད་རྒྱུར། རིམས་ནད་ཀྱིས་ལག་རྩལ་གསར་པ་བཀོལ་སྤྱོད་བྱ་རྒྱུ་ཇེ་མགྱོགས་སུ་བཏང་བ་དང་། སྐད་ཡིག་སློབ་སྦྱོང་བཅོས་བསྒྱུར་ལ་སྐུལ་འདེད་བཏང་། ཐེངས་འདིའི་སྤེལ་རེས་གཟའ་འཁོར་གྱིས“རྣམ་གྲངས་གསར་པ་དང་། རོགས་ཟླ་གསར་པ། འཕེལ་རྒྱས་གསར་པ”བཅས་བརྗོད་བྱ་གཙོ་བོར་བྱས་པ་དེ་རྒྱལ་སྤྱིའི་རྒྱ་ཡིག་གི་སློབ་གསོའི་འཕེལ་ཕྱོགས་དང་མཐུན། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྐད་བརྡའི་སློབ་གསོ་དེ་ཕྱོགས་གཉིས་བརྗེ་རེས་དང་མཉམ་ལས་ཤུགས་སྣོན་ལ་འབད་བརྩོན་བྱ་འདོད་ཡོད། དུས་མཚུངས་སུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོའི་ནང་ཞུགས་པར་དགའ་བསུ་ཞུ་བ་དང་། འཕེལ་རྒྱས་ཀྱི་ལས་སྒོ་གསར་པ་གཏོད་པ། མཉམ་ལས་བྱེད་སྟངས་གསར་པ་ཆགས་པ། དྲ་ཐོག་རྒྱ་ཡིག་གི་སློབ་གསོའི་ལས་སྟེགས་འཛུགས་སྐྲུན་དང་། ཐོན་ཁུངས་འཛུགས་སྐྲུན། ཚད་གཞི་འཛུགས་སྐྱོང་བཅས་ལ་སྐུལ་འདེད་བཏང་སྟེ། དྲ་ཐོག་དྲ་འོག་རྒྱ་ཡིག་གི་སློབ་གསོར་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།