ཀྲུང་གོ་བོད་ཀྱི་དྲ་བ།

འདས་ཟིན་པའི་ལོ་བདུན་ནང་རང་རྒྱལ་དུ་ནུས་རྒྱུ་འཛད་སྤྱོད་བྱེད་ཚད2.8%འཕར་ནས་དཔལ་འབྱོར7%འཕར་བར་འདེགས་སྐྱོར་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཀྲུང་གོའི་ནུས་རྒྱུ་འཕེལ་རྒྱས》ཀྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་ལས་མངོན་པར། ནུས་རྒྱུ་གྲོན་ཆུང་དང་འཛད་སྤྱོད་ཀྱི་གྲུབ་ཆ་ལེགས་སུ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། ནུས་རྒྱུ་བེད་སྤྱོད་ཀྱིས་ལས་ཕྱོད་མངོན་གསལ་དོད་པོས་མཐོ་རུ་སོང་ཞིང་། 2012ལོ་ནས་བཟུང་ཚན་པའི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་རིམ་རྩིས་བྱས་ན་24.4%ཆག་པ་དེ་ནུས་རྒྱུ་འཛད་སྤྱོད་བྱེད་ཚད་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་12.7ཉུང་དུ་ཕྱིན་པ་དང་ཧ་ལམ་མཚུངས་པ་དང་། 2012ལོ་ནས་2019ལོ་བར། ནུས་རྒྱུ་འཛད་སྤྱོད་བྱེད་ཚད་ལོར་ཆ་སྙོམས་2.8%འཕར་ནས་རྒྱལ་དམངས་དཔལ་འབྱོར་ལོར་ཆ་སྙོམས་7%འཕར་རྒྱུར་འདེགས་སྐྱོར་བྱས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་དེ་དྭངས་གཙང་ཐཱན་ཉུང་གི་ཕྱོགས་སུ་མགྱོགས་མྱུར་འགྱུར་ཡོད། ཐོག་མའི་ཞིབ་རྩིས་བརྒྱབ་པར་གཞིགས་ན། 2019ལོར་རྡོ་སོལ་འཛད་སྤྱོད་ཀྱིས་ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་57.7%ཟིན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་10.8ཆག་པ་དང་། རང་བྱུང་སོལ་རླངས་དང་། ཆུ་གློག ཉིང་རྡུལ་གློག རླུང་གློག་སོགས་ནུས་རྒྱུ་གཙང་མ་འཛད་སྤྱོད་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་23.4%ཟིན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་8.9འཕར་བ། རྫས་འགྱུར་དང་རྡོ་སྣུམ་མིན་པའི་ནུས་རྒྱུས་ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་15.3%ཟིན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་5.6འཕར་ནས་2020ལོར་རྫས་འགྱུར་དང་རྡོ་སྣུམ་མིན་པའི་ནུས་རྒྱུའི་འཛད་སྤྱོད་བསྡུར་ཚད་15%ཡས་མས་ཀྱི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་ཟིན་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། 2019ལོར་གསར་དུ་འཕར་ཚད་དང་ལག་ཡོད་རླངས་འཁོར་ཁྲི་120དང་ཁྲི་380སོ་སོར་ཟིན་པ་དེས་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་ཕྱེད་ཀ་ཡན་བཟུང་ཡོད། 2019ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་གློག་སྒུལ་རླངས་འཁོར་གྱི་གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་ཁྲི་120ཟིན་པ་དང་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་གློག་གསོག་དྲ་རྒྱ་བསྐྲུན་ནས་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ནུས་ཕྱོད་ཆེ་རུ་དང་ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་ལེགས་སུ་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།