ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་བཅུ་གསུམ་པའི”སྐབས་འཆར་འགོད་རང་བཞིན་གྱི་ཚད་ཐིག9ཚད་བརྒལ་ངང་ལེགས་གྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲོང་གོ་ཐའེ་ཡིས་ཚེས22ཉིན་རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། “ལྔ་བཅུ་གསུམ་པའི”ལོ་ལྔ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་ཆེས་ཆེ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འཕེལ་རྒྱས་ཆེས་བཟང་བའི་ལོ་ལྔ་ཡིན་པས་མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལས་ཐོན་པའི་ཐོབ་ཤེས་ཇེ་མང་དུ་སོང་ཡོད། “ལྔ་བཅུ་གསུམ་པའི”འཆར་འགོད་ནང་གཏན་འབེབས་བྱས་པའི་བཀག་རྒྱ་རང་བཞིན་གྱི་ཚད་ཐིག་དང་སྦག་བཙོག་བཅོས་སྐྱོང་གི་མཁྲེགས་གཏོར་དམག་འཐབ་རང་བཞིན་གྱི་དམིགས་འབེན་འོས་འགན9ཚད་བརྒལ་ངང་ལེགས་གྲུབ་བྱུང་ཞིང་། སྔོ་ཞིང་བསངས་པའི་ནམ་མཁའ་དང་དྭངས་ཤིང་གཙང་པའི་ཆུ་བོ། ཡངས་ཤིང་མཛེས་པའི་ས་གཞི་བཅས་ཀྱི་སྲུང་སྐྱོབ་དམག་འཁྲུག་ལ་ཕན་འབྲས་ཆེན་པོ་ཐོབ་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།