ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྦྱོང་དཔེ་ཚོགས》ཀྱི་དེབ་དང་པོ་ནས་དེབ་ལྔ་བ་པར་སྐྲུན་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྦྱོང་དཔེ་ཚོགས》དེབ་དང་པོ་ནས་དེབ་ལྔ་བ་དེ་ཉེ་ཆར་ཀྲུང་དབྱང་ཡིག་ཚང་པར་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

མཚམས་སྦྱོར་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་ལ། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག་ཁང་གིས་ཀྲུང་དབྱང་གིས་སྤྲད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་རྩོམ་སྒྲིག་པར་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ལེགས་འགྲུབ་བྱས་པའི་དུས་མཚུངས་སུ། མི་དམངས་ཉིན་རེའི་ཚགས་པར་དང་བདེན་འཚོལ་སྟེང་དྲིལ་སྒྲོག་རྩོམ་ཡིག་རབ་དང་རིམ་པ་སྤེལ། རྩོམ་ཡིག་དེ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞུང་ལུགས་ཞིབ་བརྗོད་དང་དམ་དུ་འབྲེལ་ནས། ལོ་རྒྱུས་དང་དངོས་ཡོད། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཟུར་སྣེ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དང་ནང་སྙིང་ཕུན་ཚོགས་སུ་གཏོང་བར་ཞིབ་བརྗོད་བྱས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་རྩོམ་ཡིག་དེ་དག་ལ་རིགས་བགར་ཏེ་པར་སྐྲུན་བྱས།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།