ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱ་བཀོད་དེ《དམག་དཔུང་གི་དམག་དོན་ལས་རིགས་སློབ་གསོའི་སྲོལ་ཡིག(ཚོད་ལྟའི་ལག་ལེན)》འགྲེམས་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་དེ།  《དམག་དཔུང་གི་དམག་དོན་ལས་རིགས་སློབ་གསོའི་སྲོལ་ཡིག(ཚོད་ལྟའི་ལག་ལེན)》འགྲེམས་སྤེལ་བྱས་ཤིང་། 2021ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》ནང་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་པ་གསར་པ་གསོ་སྐྱོང་བྱེད་པར་དམིགས་ནས། དུས་རྒྱུན་དུ་སློབ་སྦྱོང་དང་། གང་ས་གང་ནས་སློབ་སྦྱོང་། མི་ཀུན་གྱིས་སློབ་སྦྱོང་། ཇི་སྲིད་འཚོ་བའི་བར་དུ་སློབ་སྦྱོང་བཅས་ཀྱི་རྣམ་པ་ཆགས་པར་དམིགས་ནས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཧུར་ཐག་གིས་འགན་འཁྲི་དང་ལས་འགན། ལས་གནས་ཀྱི་འགན་འཁྲི་སྒྲུབ་པ། ལས་རིགས་འཕེལ་རྒྱས་གཏོང་བ་བཅས་ལ་དམ་པོར་བསྟུན་རྒྱུ་མཐའ་འཁྱོངས་དང་། དྲ་སྦྲེལ་ཅན་དང་། སྒོ་འབྱེད་ཀྱི་རྣམ་པ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་དམག་དོན་ལས་རིགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་དགོས། སྤྱི་ཁོག་ནས་དམག་དོན་ལས་རིགས་སློབ་གསོའི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དེ་ནི། དམག་དོན་ལས་རིགས་སློབ་གསོ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། དམག་དོན་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་བྱེད་པའི་མ་ལག་འཛུགས་པར་དོན་སྙིང་གལ་ཆེན་ལྡན།

《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ8དང་དོན་ཚན43ཡོད་ཅིང་། དམག་དོན་ལས་རིགས་སློབ་གསོ་བྱ་ཡུལ་གྱི་ཁྱབ་ཁོངས་དང་། རྩ་འཛུགས་ཀྱི་རྣམ་པ། དུས་རབས་ཀྱི་བླང་བྱ་སོགས་གཞི་རྩའི་ནང་དོན་གཏན་འཁེལ་བྱས་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འགོ་ཁྲིད་འོག་གི་དམག་དོན་ལས་རིགས་སློབ་གསོའི་འགོ་ཁྲིད་དོ་དམ་མ་ལག་བཙུགས་ཡོད། སློབ་གསོའི་ལས་འགན་དང་། སློབ་སྦྱོང་དོ་དམ། འདེགས་སྐྱོར་འགན་ལེན། སྐུལ་མ་གཏོང་བ་དང་ལྟ་སྐུལ་སོགས་ཀྱི་ནང་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚད་ལྡན་བཟོས་ཏེ། དཔོན་དམག་གི་སློབ་སྦྱོང་སྒུལ་ཤུགས་ལ་སྐུལ་སློང་དང་། ལས་དོན་དོ་དམ་འཁོར་སྐྱོད་ཚད་ལྡན་ཡོང་བར་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།