ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་བཞི་བར་རང་རྒྱལ་གྱིས་གཉོར་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས20ཉིན། ཀྲུང་གོའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་མི་གྲངས་དང་འཕེལ་རྒྱས་གླེང་སྟེགས་སྟེང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་འཕེལ་རྒྱས་སི་ཡི་སི་ཀྲང་ཨོའུ་ཞའོ་ལིའི་ཡིས་བསྟན་དོན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་གཉོར་སྐྱོང་ཞབས་ཞུའི་འབྲེལ་ཡོད་ནང་དོན་དེ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རྩ་གནད་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་གཉོར་སྐྱོང་མ་ལག་འཛུགས་སྐྲུན་འཆར་འགོད་ཁྲོད་ལེན་རྒྱུ་རེད།

རང་རྒྱལ་གྱི་ལོ་ན་གསུམ་མན་གྱི་བྱིས་པའི་མི་གྲངས་ཁྲི4700ལས་བརྒལ་བ་དང་། ཨོའུ་ཞའོ་ལིའི་ཡིས་བཤད་རྒྱུར། ཁྱོན་ཡོངས་ནས་བྱིས་པ་གཉིས་བཙས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་པའི་རིང་ལ། ཁྱིམ་ཚང་གི་བདག་སྐྱོང་འགལ་བ་ཉིན་རེའི་བཞིན་འབུར་ཐོན་ཡིན་ཞིང་། མང་ཚོགས་ཀྱིས་བདག་སྐྱོང་གི་འགྲོ་གྲོན་མཐོ་རུ་སོང་བ་དང་། བདག་སྐྱོང་བྱེད་མཁན་མེད་པ། ལས་གནས་འཕེལ་རྒྱས་ལ་ཤན་ཤུགས་བཟོ་བ་སོགས་ཀྱི་སེམས་ཁུར་ཆེ་ཞིང་། དེ་དག་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དུ་གྱུར་ཡོད་ཟེར། 

ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་བསམ་འཆར་ལས། མི་གྲངས་ཀྱི་དུས་ཡུན་རིང་བོའི་འཕེལ་རྒྱས་འཐབ་ཇུས་གཏན་འཁེལ་བྱེད་པ་དང་།  བུ་བཙའ་ཇེ་ལེགས་སུ་གཏོང་བའི་སྲིད་ཇུས་དང་བུ་བཙའི་སྲིད་ཇུས་ཀྱི་དཀྱེལ་ཡངས་རང་བཞིན་དང་བུ་བཙའི་ཞབས་ཞུ་ཆུ་ཚད་མཐོ་རུ་གཏོང་བ་དང་། གཉོར་སྐྱོང་ཞབས་ཞུའི་མ་ལག་འཕེལ་རྒྱས་དང་། བུ་བཙའ་དང་བདག་སྐྱོང་། སློབ་གསོའི་འགྲོ་གྲོན་ཇེ་དམའ་རུ་གཏོང་བ། མི་གྲངས་དུས་ཡུན་རིང་བོར་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། མི་གྲངས་སྤུས་ཚད་མཐོ་རུ་གཏོང་དགོས་པའི་བསམ་འཆར་བཏོན། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།