ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་རྒན་པའི་ཞབས་ཞུ་ལས་དོན་དང་ཐོན་ལས་ཀྱི་མདུན་ལྗོངས་ཡངས་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས20ཉིན། ཕན་ནུས་ལྡན་པའི་སྒོ་ནས་མི་གྲངས་རྒན་འགྱུར་ལ་གདོང་གཏོད་པ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ཅིང་། རང་རྒྱལ་གྱི་རྒན་པའི་ལས་དོན་དང་ཐོན་ལས་འཕེལ་རྒྱས་བར་སྟོང་ཧ་ཅང་ཡངས་ཤིང་། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། 2019ལོའི་ལོ་མཇུག་བར་ཏུ། རང་རྒྱལ་གྱི་ལོ་ན60ཡན་གྱི་མི་གྲངས་ཧ་ལམ་དུང་ཕྱུར2.54ཡོད་ཅིང་། དེས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི18.1ཟིན་ཡོད། 

དམངས་སྲིད་པུའུ་ཡི་ཆེད་མཁས་པས་མི་གྲངས་སྒྲིག་གཞི་དང་གྲངས་ཀའི་ལག་རྩལ་སོགས་ཀྱི་རྒྱུ་རྐྱེན་གྱིས་རང་རྒྱལ་གྱི་ལོ་ལོན་ཞབས་ཞུ་ལས་དོན་དང་ཐོན་ལས་དེ་མགྱོགས་མྱུར་ངང་འཕེལ་བའི་དུས་སྐབས་སུ་བསྐྱོད་པར་སྐུལ་འདེད་བཏང་ཤིང་། མགྱོགས་མྱུར་ངང་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། རྒན་པའི་ཞབས་ཞུ་ལས་དོན་དང་ཐོན་ལས་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་འདྲེས་སུ་འཇུག་དགོས་པར་བསམ་ཡོད། 

ཆེད་མཁས་པས་ཉེ་ཆར་ཀྲུང་གོའི་འབྱོར་འབྲིང་འཛུགས་སྐྲུན་ཞིབ་འཇུག་ཚོགས་པའི་གཙོ་སྒྲུབ་བྱས་པའི་སྐབས་དྲུག་པའི་སྤྱི་ཚོགས་རྒན་གསོ་གསར་གཏོད་འཕེལ་རྒྱས་གླེང་སྟེགས་སྟེང་ཞིབ་བརྗོད་བྱས།

དེང་སྐབས་རང་རྒྱལ་གྱི་རྒན་པའི་ཐོན་ལས་ཡར་འཕར་བ་མགྱོགས་ཤིང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་མང་པོ་དེའི་ཁྲོད་དུ་ཞུགས་ཡོད་ནའང་། ཁ་ཕྱོགས་དང་ཕན་ནུས་ལྡན་པའི་མཁོ་འདོན་སོགས་ཀྱི་ནུས་པ་ཅུང་ཞན་པ་ཡིན།  དམངས་སྲིད་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་སི་ཡི་རིམ་པ་དང་པོའི་སྐོར་ཞིབ་པ་ཐང་ཅིན་སུའུ་ཡིས་བཤད་རྒྱུར། རང་རྒྱལ་གྱི་རྒན་པའི་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་དུས་ཡུན་འབྲིང་རིང་གི་འཆར་འགོད་མྱུར་དུ་འཐུས་ཚང་དུ་གཏོང་དགོས་ཤིང་། དེ་ནི་དེང་སྐབས་རྒན་པའི་ཐོན་ལས་འཕེལ་རྒྱས་ཀྱི་མི་འདང་ས་ཁ་གསབ་བྱེད་དགོས་པ་དེ་རེད་ཅེས་བཤད།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།