ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་གྱི་དམག་ཐོབ་དང་ཉེན་རྟོག་དཔོན་པོའི་གོ་ས་ཇེ་མཐོར་གཏོང་བའི་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་གྱི་དམག་ཐོབ་དང་ཉེན་རྟོག་དཔོན་པོའི་གོ་ས་ཇེ་མཐོར་གཏོང་བའི་མཛད་སྒོ་ཚེས་བཅོ་བརྒྱད་ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་དུ་གཟབ་རྒྱས་ངང་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་དམག་ཐོབ་དང་ཉེན་རྟོག་དཔོན་པོའི་གོ་ས་ཇེ་མཐོར་གཏོང་བའི་དམག་དཔོན་དང་ཉེན་རྟོག་དཔོན་པོར་བཀའ་རྒྱ་གནང།

ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་ཆ་བཅོ་ལྔའི་སྟེང་དུ། དམག་ཐོབ་དང་གོ་ས་ཇེ་མཐོར་གཏོང་བའི་མཛད་སྒོ་རྒྱལ་གླུའི་རྔམ་བརྗིད་ཀྱི་འགྲོས་དང་བསྟུན་ནས་འགོ་བརྩམས་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའེ་ཆིས་ལེང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་ཐོབ་དང་གོ་ས་ཇེ་མཐོར་གཏོང་བའི་མཆན་བཀོད་བཀའ་ཁྱབ་སྒྲོག་འདོན་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིག་ཞྭ་ཡིས་དམག་ཐོབ་དང་གོ་ས་ཇེ་མཐོར་གཏོང་བའི་མཛད་སྒོར་འགོ་འཛིན་བྱས།

ཐེངས་འདིའི་དམག་ཐོབ་གོ་ས་ཇེ་མཐོར་བཏང་བའི་དམག་དཔོན་དང་ཉེན་རྟོག་དཔོན་པོ་ནི་སོ་སོར་དམག་དོན་ཨུ་ཡོན་ལྷན་ཁང་གི་མཁོ་སྒྲུབ་འགན་སྲུང་པུའུ་ཡི་ཆབ་སྲིད་ཨུ་ཡོན་ཀའོ་ཕུའུ་ཞའོ་དང་། ནུབ་རྒྱུད་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཀྲང་ཞོའུ་ཏུང་། འཐབ་ཇུས་རོགས་འདེགས་པུའུ་ཡི་ཆབ་སྲིད་ཨུ་ཡོན་ལིས་ཝེ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དམག་སྤྱི་ཆེན་མོ་ཝང་ཁྲོན་ཉིང་བཅས་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།