ཀྲུང་གོ་བོད་ཀྱི་དྲ་བ།

ཐོན་ལས་དབུལ་སྐྱོར་སྲིད་ཇུས་རྒྱལ་ཡོངས་ཀྱི་ཁྱིམ་ཚང་དབུལ་བོ98%ལ་ཁྱབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “མིག་སྔར་རང་རྒྱལ་གྱི་ཐོན་ལས་དབུལ་སྐྱོར་སྲིད་ཇུས་ཁྱིམ་ཚང་དབུལ་བོ98%ལ་ཁྱབ་ཡོད། ས་ཁུལ་དབུལ་བོའི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། རྫོང་དབུལ་བོ་རེར་ཁྱབ་རྒྱ་ཆེ་བའི་དབུལ་སྐྱོར་གྱི་གཙོ་ཁྲིད་ཐོན་ལས2ནས3བར་གྲུབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས16ཉིན་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཞིང་ལས་གྲོང་གསེབ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཧོན་ཤིན་གྱིས་བཤད་རྒྱུར། ཐོན་ལས་དབུལ་སྐྱོར་གྱི་རྒྱབ་སྐྱོར་འོག ཁྱིམ་ཚང་དབུལ་བོའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ2015ལོའི་སྒོར3416ནས2019ལོའི་སྒོར9808བར་འཕར་ཡོད་ཟེར།

“དབུལ་སྐྱོར་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་ལས། མ་རྩ་དང་ལག་རྩལ། ཤེས་ལྡན་མི་སྣ་སོགས་རྒྱུ་རྐྱེན་གཙོ་བོ་དབུལ་ཕོངས་ས་ཁུལ་དུ་ཞུགས་པར་ལས་སྟེགས་དང་གཞི་རྟེན་མཁོ་འདོན་བྱས་ཡོད་ལ། འགྲིམ་འགྲུལ་དང་དངོས་ཟོག་སྐྱེལ་འདྲེན། འཕྲིན་གཏོང་སོགས་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ཞེས་ལིའུ་ཧོན་ཤིན་གྱིས་དེ་ལྟར་ངོ་སྤྲོད་བྱས། ས་ཁུལ་དབུལ་བོའི་ཐོན་ལས་འཕེལ་རྒྱས་ཀྱི་ཆ་རྐྱེན་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད་ཅིང་། བསྡོམས་རྩིས་བྱས་པ་ལྟར་ན། རྫོང་དབུལ་བོས་བསྡོམས་པས་ཚད་གཞི་མཐོ་བའི་ཞིང་ས་མུའུ་དུང་ཕྱུར2.1དང་། ཞིང་ལས་ཐོན་རྫས་ཐོག་མའི་ལས་སྣོན་སྒྲིག་ཆས་ཁྲི4.3སྐྲུན། གྲོང་ཁྱེར་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་ཁྲི1.44གསོ་སྐྱོང་བྱས་ཡོད་ཅིང་། ཞིང་བའི་མཉམ་ལས་ཁང་ཁྲི71.9འཕེལ་རྒྱས་སུ་བཏང་ནས། རིགས་མི་འདྲ་བའི་དབུལ་སྐྱོར་ཐོན་ལས་གླིང2100ལྷག་གསར་འཛུགས་བྱས་ཡོད་ལ། ཐོན་ལས་ལག་རྩལ་ཆེད་མཁས་ཚོ་ཆུང4100ལྷག་བཙུགས་ཏེ། དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་འགན་སྲུང་སྔར་ལས་ནུས་ལྡན་ཅན་དུ་གྱུར་ཡོད།

ཐོན་ལས་དབུལ་སྐྱོར་བྱས་པ་བརྒྱུད་མང་ཚོགས་དབུལ་བོས་སྒུག་རྟེན་མི་བྱེད་པ་དང་། འབད་བརྩོན་ལྷོད་མེད་བྱས་ཏེ། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་འཚོ་བ་ལེགས་བཅོས་བྱེད་པའི་བསམ་པའི་འཁྱེར་སོ་སྐུལ་སྤེལ་བྱས། མངགས་ཐོའི་ཐོན་སྐྱེད་དང་ས་ཞིང་སྤོ་སྒྱུར། ཐོན་སྐྱེད་ཚབ་གཉེར་དོ་དམ། རང་ཡུལ་དུ་ཞོར་ལས་གཉེར་བ། མ་རྐང་མཉམ་ལས། རྒྱུ་ནོར་བོགས་མར་གཏོང་ལེན་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཁྱིམ་ཚང་དབུལ་བོ72%ཀྱིས་ཞིང་ལས་གཉེར་སྐྱོང་བྱ་ཡུལ་གསར་བ་དང་ཁེ་ཕན་མཉམ་འབྲེལ་གྱི་འབྲེལ་བ་ཟབ་མོ་བཙུགས། 70%ཡན་གྱི་ཁྱིམ་ཚང་དབུལ་བོར་ཐོན་སྐྱེད་མཛུབ་ཁྲིད་དང་ལག་རྩལ་གསོ་སྦྱོང་དང་ལེན་བྱས་ནས། བསྡོམས་པས་རིགས་སོ་སོའི་ཐོན་ལས་ཕྱུག་འགྱུར་སྣེ་ཁྲིད་པ་ཁྲི90ལྷག་གསོ་སྐྱོང་བྱས་པས་ཐོན་ལས་དབུལ་སྐྱོར་གྱི་ཕུགས་འདུན་དང་བློ་གྲོས་གཉིས་སྐྱོར་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།