ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཕ་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་ཀྲུའུ་ཞི་སང་ཅི་ལ་ཉི་ལ་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས16ཉིན་པེ་ཅིན་ནས་བརྙན་ལམ་བརྒྱུད་དེ་ཕ་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་ཀྲུའུ་ཞི་སང་ཅི་ལ་ཉི་ལ་མཇལ་འཕྲད་གནང་།

ཟླ12པའི་ཚེས16ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་བརྙན་ལམ་བརྒྱུད་དེ་ཕ་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་ཀྲུའུ་ཞི་སང་ཅི་ལ་ཉི་ལ་མཇལ་འཕྲད་གནང་།

 ཝང་དབྱང་གིས་བཤད་རྒྱུར། ད་ལོའི་ཚུན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་དབྱི་མུའུ་ལན·ཧན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཞིང་། ཙུང་ཐུང་ཨར་ཝུའེ་ཡིས“ལྡོག་སྐྱོད”བྱས་ཏེ་ཀྲུང་གོར་འཚམས་འདྲིར་ཕེབས་པ་རེད། ཀྲུང་གོ་དང་ཕ་ཁི་སི་ཐན་དབར་གྱི་མཛའ་གྲོགས་འབྲེལ་བ་དེ་རིམས་ནད་འགོག་པའི་མཉམ་ལས་ཁྲོད་སྔར་ལས་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་ལྡན་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཡིན་པས་ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས། རིམས་འགོག་མཉམ་ལས་ཟབ་སྤེལ་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་གྱི་དཔལ་འབྱོར་བར་ཁྱམས་མཉམ་སྐྲུན་བྱ་རྒྱུ་དང་། དཔལ་འབྱོར་ཚོང་དོན་དང་དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕ་ཁི་སི་ཐན་གྱི་གྲོས་ཁང་གོང་མ་བར་གྱི་མཛའ་གྲོགས་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་བཏང་སྟེ་ཀྲུང་ཕའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ཧུར་ཐག་སྒོས་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

 སང་ཅི་ལ་ཉི་ཡིས་ཀྲུང་གོའི་རིམས་ནད་འགོག་པའི་གྲུབ་འབྲས་ལ་ཚད་མཐོའི་ངང་བསྔགས་བརྗོད་བྱས། ཁོང་གིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕ་ཀྲུང་དཔལ་འབྱོར་བར་ཁྱམས་འཛུགས་རྒྱུ་དང་། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་མུ་མཐུད་དུ་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་དང་རྒྱ་ཆེར་གཏོང་རྒྱུ། ཕ་ཀྲུང་དབར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཞེས་བཤད།

ལི་པིན་དང་ཀུའུ་ཧྲེང་ཙུའུ་རྣམ་གཉིས་ཀྱང་མཇལ་ཕྲད་ནང་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།