ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་སྤྱི་ཆིངས་བཀོད་ནས་ལོ་དྲུག་ཅུ་ལོན་པར་དྲན་གསོ་ཞུ་བའི་བྱ་འགུལ་སྟེང་བརྙན་རིས་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་སྤྱི་ཆིངས་བཀོད་ནས་ལོ་དྲུག་ཅུ་ལོན་པར་དྲན་གསོ་ཞུ་བའི་བྱ་འགུལ་སྟེང་བརྙན་རིས་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་སྲིད་ཇུས་གྲོས་མོལ་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་ལོན་པའི་ལོ་ཡིན། ལོ་ཉེར་ལྔའི་རིང་ལ། ཕྱོགས་གཉིས་ཀྱིས་རྣམ་པ་སྣ་ཚོགས་དང་ཕྱོགས་གཉིས་ཀར་ཕན་པའི་བརྗེ་རེས་མཉམ་ལས་སྤེལ་ཟེར།

ལིས་ཁི་ཆང་བསྟན་དོན། དེང་སྐབས། པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བ་དང་འཛམ་གླིང་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་གནད་འགག་དུས་སྐབས་སུ་གནས་ཡོད། ང་ཚོས་རྒྱལ་སྤྱིའི་མཉམ་ལས་རྒྱ་བསྐྱེད་ཅིང་ཆེ་ཕྱོགས་ཀྱི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་སྲུང་སྐྱོབ་བྱས་ནས། འཛམ་གླིང་དཔལ་འབྱོར་སྔ་མོ་ནས་བརྟན་འཇགས་བསྐྱར་དར་གྱི་བགྲོད་ལམ་དུ་ཞུགས་སུ་འཇུག་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཀྲུང་གོས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ལས་ཞུགས་དང་དཔལ་འབྱོར་གྱི་གཞི་རྩའི་བསམ་བཀོད་བརྟན་འཇགས་སུ་བཏང་བ་དང་། ཀྲུང་གོའི་དཔལ་འབྱོར་ལོ་ཧྲིལ་བོར་འཕར་སྣོན་བྱུང་། ང་ཚོས་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། ཆེ་ཕྱོགས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་ཕན་ནུས་རང་བཞིན། རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱེད་པ་དང་། ཧུར་ཐག་སྒོས་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་གནས་སུ་སྲུང་འཛིན་བྱེད་པར་མ་ཟད་བརྟན་འཇགས་སྒོས་ཡུན་རིང་ལ་ལག་བསྟར་བྱས་ནས། ཚོང་རར་བརྟན་འཇགས་ཀྱི་སྔོན་དཔག་དུས་སྐབས་ཤིག་སྐྲུན་ངེས་ཡིན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ། འཕེལ་རྒྱས་ནི་ཀྲུང་གོའི་གནད་དོན་ཡོད་ཚད་ཐག་གཅོད་པའི་རྨང་གཞི་དང་གནད་འགག་ཡིན། ང་ཚོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ངེས་ཡིན། ང་ཚོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་འཛམ་གླིང་ཡོངས་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་དུ་འཇུག་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དུ་འཇུག་དགོས། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་མུ་མཐུད་དུ་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། འཛམ་གླིང་དཔལ་འབྱོར་དེ་ནུས་ལྡན་དང་རྒྱུན་མཐུད། དོ་མཉམ། བཟོད་སྒོམ་བཅས་ཀྱི་སྒོ་ནས་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།