ཀྲུང་གོ་བོད་ཀྱི་དྲ་བ།

གླ་ཕོགས་ཆད་འགྱངས་གཏུག་གཤེར་བྱེད་པའི་བྱ་རིམ་ཆུང་བ་ཐོན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་གླ་ཕོགས་ཆད་འགྱངས་གཏུག་གཤེར་བྱེད་པའི་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ཤར་གཏོང་དང་རྒྱ་ཆེར་གཏོང་ཆེད། ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་པའི་གླ་ཕོགས་ཆད་འགྱངས་རྩ་བཅོས་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་གླ་ཕོགས་ཆད་འགྱངས་གནད་དོན་གཏུག་བཤེར་བྱེད་པའི་ལས་སྟེགས་དངོས་སུ་བཏོད་ནས་ཞིང་བའི་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་དང་ཁུངས་སྣེ་ཕྱོགས་ཡོངས་ནས་བསྡུ་ལེན་དང་ཐག་གཅོད་བྱ་རྒྱུ་རེད། 

ངོ་སྤྲོད་བྱས་པར་གཞིགས་ན། ལས་སྟེགས་ཤར་གཏོང་བྱས་རྗེས། ཞིང་བས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་སྐད་འཕྲིན་སྤྱི་སྟེགས(སྐད་འཕྲིན་ཨང་རྟགས། rsbzwwx)ལ་དོ་ཁུར་བྱས་ནས“སྤྱི་ཚོགས་ཞབས་ཞུའི”ལེ་ཚན་ནང“གླ་ཕོགས་ཆད་འགྱངས་རྩ་བཅོས”བདམས་ནས་ཐོ་འགོད་བྱས་རྗེས་དུས་དང་རྣམ་པ་ཀུན་ཏུ་གླ་ཕོགས་ཆད་འགྱངས་ཀྱི་ཁུངས་སྣེ་ཞུ་སྤྲོད་བྱས་ཆོག་པས་དུས་ཚོད་དང་ས་ཁོངས་ཀྱི་ཚད་བཀག་མེད། ལས་སྟེགས་ལ་གླ་ཕོགས་ཆད་འགྱངས་གནད་དོན་གྱི་ཁུངས་སྣེ་འབྱོར་རྗེས་རང་འགུལ་ངང་གླ་ཕོགས་ཆད་འགྱངས་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དུ་སྤྲད་དེ་ཞིབ་བཤེར་ཐག་གཅོད་བྱ་ཐུབ།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ཞིང་ཆེན་རིམ་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སྟེགས་བུ་བརྒྱུད་ནས། གླ་ཕོགས་ཆད་འགྱངས་ཀྱི་ཁུངས་སྣེ་ཐག་གཅོད་བྱས་ཚུལ་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ནས་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་པར་ཁག་ཐེག་བྱས་ཡོད། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་ཡོངས་ཁྱབ་རང་བཞིན་ལྡན་པའི་གླ་ཕོགས་ཆད་འགྱངས་ཀྱི་ཁུངས་སྣེ་གལ་ཆེན་ཐད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཉམ་དུ་ཞིང་བའི་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་རྩ་བཅོས་ལས་དོན་མགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཁོངས་མིའི་ཚན་ཁག་ལ་ཐད་ཀར་དུ་དམིགས་བཙུགས་ཀྱིས་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད།

ཞིབ་ཕྲའི་ལས་དོན་ཅི་ལྟར་སྤེལ་དགོས་ཞེས་ན།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱེད་དགོས།

སྐད་འཕྲིན་ཨང་རྟགས། rsbzwwx

ཚན་བྱང་ཁྲོད་ཀྱི“སྤྱི་ཚོགས་ཞབས་ཞུའི”ལེ་ཚན་ནང་།

གླ་ཕོགས་ཆད་འགྱངས་རྩ་བཅོས”འདེམས་དགོས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།