ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་སོ་མ་ལིའི་ཙུང་ཐུང་མུའུ་ཧན་མོ་ཏེའི་ཕན་ཚུན་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་སོ་མ་ལིའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སོ་མ་ལིའི་ཙུང་ཐུང་མུའུ་ཧན་མོ་ཏེས་ཕན་ཚུན་བར་གློག་འཕྲིན་བཏང་ནས། ཀྲུང་གོ་དང་སོ་མ་ལིའི་བར་གྱི་ཕྱི་འབྲེལ་བཙུགས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ་ངོ60རིང་། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་དང་སོ་མ་ལིའི་བར་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་རོགས་རམ་བཅས་བྱེད་ཀྱིན་ཡོད། 2018ལོའི་ཟླ9པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་དབུ་ཚོགས་ཀྱི་སྐབས་སུ། ང་དང་ཙུང་ཐུང་མུའུ་ཧན་མོ་ཏེ་བར་ཀྲུང་གོ་དང་སོ་མ་ལིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་པ་རེད།  ངས་ཀྲུང་གོ་དང་སོ་མ་ལིའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པས་ཁྱེད་དང་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ60འཁོར་བ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་དབུ་ཚོགས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་གྱིས་རིམས་ནད་འགོག་བཅོས་བྱེད་པའི་དམིགས་བསལ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན།

མུའུ་ཧན་མོ་ཏེས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། འདས་ཟིན་པའི་ལོ་ངོ60ནང་། སོ་མ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་པོའི་ཡུན་རིང་མཛའ་གྲོགས་འབྲེལ་བ་དང་མཉམ་ལས་བཟང་པོ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་ཡོད།  སོ་མ་ལིའི་སྲིད་གཞུང་དང་མི་དམངས་ཀྱིས་སོ་མ་ལི་དང་ཀྲུང་གོ་བར་གྱི་མཉམ་ལས་དང་མཛའ་གྲོགས་འབྲེལ་བར་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད། སོ་མ་ལི་ནི་ནམ་ཡང་ཀྲུང་གོའི་གྲོགས་པོ་ཡིན་ལ། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་ལས་དམ་ཟབ་བྱས་ཏེ་ཕྱོགས་གཉིས་ཀྱི་མཛའ་གྲོགས་མཉམ་ལས་སྔར་བས་ཇེ་ཟབ་དང་རྒྱ་ཆེར་བཏང་ནས།   རྒྱལ་ཁབ་གཉིས་ཀ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།