ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གཞུང་ལུགས་ཞིབ་བརྗོད་གཅེས་བསྡུས》ཀྱི་དབྱིན་ཡིག་པར་གཞི་དཔེ་སྐྲུན་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་ལོ་ཙྭ་བྱས་པའིཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གཞུང་ལུགས་ཞིབ་བརྗོད་གཅེས་བསྡུསདབྱིན་ཡིག་པར་གཞི་པར་སྐྲུན་བྱས་པ་དང་། ཉེ་ཆར་ཀྲུང་དབྱང་སྒྲིག་སྒྱུར་པར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། ཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞུང་ལུགས་ཞིབ་བརྗོད་གཅེས་བསྡུས་ཀྱི་རྒྱ་ཡིག་པར་གཞི་དེ2020ལོའི་ཟླ10བར་ཀྲུང་དབྱང་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེར་བློ་མཐུན་ཞི་ཅིན་ཕིང་གི་འབྲེལ་ཡོད་རྩོམ་ཡིག43བསྡུ་སྒྲིག་བྱས་ཡོད། ཕྱི་རྒྱལ་ཀྱི་ཀློག་པ་པོས་དཔེ་ཀློག་དང་རྒྱུས་ལོན་ལ་སྟབས་བདེ་བཟོ་ཆེད། དབྱིན་ཡིག་གི་པར་གཞིར་ཟུར་མཆན་དང་སྣེ་འདྲེན་ཁ་བསྣོན་བྱས་ཡོད། དབྱིན་ཡིག་པར་གཞི་པར་སྐྲུན་བྱས་པ་དེས། ཕྱི་རྒྱལ་གྱི་ཀློག་པ་པོས་ཁྱོན་ཡོངས་ནས་བློ་མཐུན་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དང་པོར་བཞག་ཅིང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཞི་གཅིག་ཅན་གྱི་གཞུང་ལུགས་འཛུགས་སྐྲུན་གྱི་ཞིབ་བརྗོད་དང་ལག་ལེན་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་དེ། དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་སླར་གསོ་དང་འཕེལ་རྒྱས་ཡོང་བའི་ཐད་འབད་འབུངས་བྱེད་པ་དང་། ཕན་འབྲས་མངོན་གསལ་བླངས་པ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་སྒྲིག་སྲོལ་གྱི་དགེ་མཚན་དང་མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་ལ་རྒྱུས་ལོན་བྱེད་པའི་ཡང་སྙིང་ཕུན་ཚོགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་ཡིན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།