ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས“‘རྒྱུད་གཅིག་ལམ་གཅིག’ལ་ཞབས་འདེགས་ཞུ་རྒྱུར་དམིགས་པ་དང་རྒྱལ་སྤྱིའི་སློབ་གསོའི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་གྲོས་མོལ་སྲིད་གླེང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20201212101432IgYX.jpg

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཉེ་སྔོན་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས་རྒྱུད་གཅིག་ལམ་གཅིག་ལ་ཞབས་འདེགས་ཞུ་རྒྱུར་དམིགས་པ་དང་རྒྱལ་སྤྱིའི་སློབ་གསོའི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་གྲོས་མོལ་སྲིད་གླེང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་བཞི་བ་ཉེ་སྔོན་པེ་ཅིང་དུ་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ།  “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཀྱི་མི་ཆོས་བརྗེ་རེས་ཀྱི་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པར་ངོས་འཛིན་གང་ལེགས་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་མཐའ་འཁྱོངས། རྒྱལ་སྤྱིའི་སློབ་གསོའི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་དང་རྒྱ་ཆེའི་མང་ཚོགས་ཀྱི་འདོད་བློའི་རྨང་གཞི་འདོན་སྤྲོད་བྱེད་དགོས་ཟེར།

ཨུ་ཡོན་དང་ཆེད་མཁས་པ་བཅུ་གཅིག་གིས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་བརྗེ་རེས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་དང་། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་ཐབས་འདོན་ཇུས་འབུལ་བྱས་པ་དང་། ཨུ་ཡོན་བཞི་བཅུ་ལ་ཉེ་བ་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་སྟེང་བསམ་འཆར་བཏོན། ཨུ་ཡོན་རྣམས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་མི་ཆོས་ཁྱབ་ཁོངས་ཀྱི་མཉམ་ལས་དང་སློབ་གསོའི་སྲིད་ཇུས་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་སློབ་གསོ་ཕྱོགས་གཉིས་ལ་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། རིམ་པ་མང་བ་དང་ཐབས་ལམ་མང་བའི་སློབ་གསོ་སྤེལ་རེས་ཀྱི་ལམ་སྲོལ་འཛུགས་དགོས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གླིང་གི་མཉམ་ལས་སློབ་གཉེར་བྱེད་ཤུགས་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མཁོ་བའི་ཆེད་ལས་དང་རྩལ་ནུས་ཤེས་ལྡན་པ་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས། རང་ཉིད་གནས་སའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པ་དང་། རང་ཉིད་གནས་སའི་རྒྱལ་ཁབ་ཀྱི་དོན་དངོས་གཞིར་བཟུང་ནས་རྣམ་པ་སྣ་མང་སྤྱད་དེ་གོམ་སྟབས་བརྟན་པོའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཕྱིའི་རྒྱལ་སྤྱིའི་སློབ་གྲྭ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་རིགས་སོ་སོའི་ལས་ཁུངས་དང་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་དངུལ་འཇོག་ལས་ཁུངས་ཀྱི་ལས་བྱེད་མི་སྣ།  ཕྱི་རྒྱལ་དུ་ཚོང་གཉེར་མཁན་དང་ལས་ཀ་ལས་མཁན་དང་མཉམ་དུ་སྡོད་པའི་ཁོ་ཚོའི་བུ་ཕྲུག་གི་སློབ་གསོ་མྱོང་བའི་གནད་དོན་ཐག་གཅོད་བྱ་དགོས། རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རྒྱ་ཡིག་སློབ་སྦྱོང་དང་། ཀྲུང་གོའི་ལོ་རྒྱུས་རིག་གནས་དང་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ཤེས་རྟོགས་བྱེད་པའི་དགོས་མཁོ་སྐོང་བ་དང་། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་རྒྱ་ཡིག་སློབ་གསོ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་རྒྱལ་སྤྱིའི་སློབ་གསོ་མཉམ་ལས་ཁྲོད་ཀྱི་གཙོ་ཤུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཆབས་ཅིག་ས་གནས་དང་ཁེ་ལས། སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་དེའི་ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཞང་ཀང་དང་ཨོ་མིན་ས་ཁུལ་སྔར་ལས་ལེགས་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་ཐུབ་རྒྱུར་རྒྱབ་སྐྱོར་བྱས་ནས་སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་ཁྲོད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱ་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་གིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་། སློབ་གསོ་པུའུ་ཡི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཕྱི་འབྲེལ་པུའུ། རིག་གནས་དང་ཡུལ་སྐོར་པུའུ་ཡི་འགན་འཁུར་བས་གྲོས་མོལ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།