ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་མར་ཁེ་སི་རིང་ལུགས་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

 ཟླ12པའི་ཚེས1ཉིན། མར་ཁེ་སི་རིང་ལུགས་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མར་ཁེ་སི་རིང་ལུགས་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། བཟོ་སྐྲུན་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁོང་དུ་ཆུད་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་ཁྲིད་གོ་གནས་རྒྱུན་འཁྱོངས་བྱེད་པའི་རྩ་བའི་ལམ་ལུགས་ལ་དམིགས་ནས། བཟོ་སྐྲུན་རྒྱུན་མ་ཆད་པར་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཟེར།

ཝང་ཧུའུ་ཉིང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག་བྱེད་པ་རྩ་བའི་ལས་འགན་དུ་བརྩིས་ནས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་རྣམ་བཤད་ཞིབ་འཇུག་ལ་ཤུགས་སྣོན་པ། དྲིལ་སྒྲོག་ཁྱབ་གདལ་སྤེལ་བ། ཕྱི་ཕྱོགས་སྒྲོག་འགྲེལ་བྱེད་པའི་སྟེང་ཤུགས་འདོན་དགོས། གནད་དོན་གལ་ཆེན་གཙོ་བོར་འཛིན་པ་ཁ་ཕྱོགས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་དང་ཏང་སྲིད་འཛིན་གྱི་མདུན་དུ་ལྷགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་གྱི་ཞིབ་འཇུག་ལ་ཤུགས་སྣོན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་འཛུགས་སྐྲུན་བྱེད་པ་དང་། སློབ་ཚན་མ་ལག་དང་སློབ་དེབ་མ་ལག སྐད་ཆའི་མ་ལག གདེང་འཇོག་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། ན་གཞོན་གཞུང་ལུགས་འཇོན་མི་སྐྱེད་སྲིང་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ཏུ་གསར་སྣོན་བྱས་པའི་བཟོ་སྐྲུན་བློ་འདྲི་ཨུ་ཡོན་གྱི་མིང་ཐོ་སྒྲོག་འདོན་བྱས། ཀྲུང་དབྱང་བསམ་བློ་དྲིལ་སྒྲོག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། བཟོ་སྐྲུན་ཆེད་བསྐོས་སྡེ་ཁག ཀྲུང་དབྱང་དྲིལ་སྒྲོག་རིག་གནས་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། བཟོ་སྐྲུན་བློ་འདྲི་ཨུ་ཡོན་དང་ཆེད་མཁས་པ། ས་གནས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས། བློ་མཐུན་བརྒྱད་ཀྱིས་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།