ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཀྲང་ཀུའེ་མེ་ལ་དུས་རབས་ཀྱི་མིག་དཔེའི་མཚན་སྙན་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་ཧྭ་ཕིང་བུད་མེད་མཐོ་རིམ་སློབ་འབྲིང་གི་ཏང་ཀྲི་པུའི་ཧྲུའུ་ཅིའམ་སློབ་གཙོ་ཀྲང་ཀུའེ་མའེ་ལ་དུས་རབས་ཀྱི་མིག་དཔེའི་མཚན་སྙན་གནང་རྒྱུ་གཏན་འབེབས་བྱས། ལོ63ལ་སླེབས་པའི་ཀྲང་ཀུའེ་མེ་ཡིས་ཡུན་ནན་ནུབ་རྒྱུད་ཀྱི་དབུལ་པོའི་ས་ཁུལ་གྱི་སློབ་གསོའི་བྱ་གཞག་བརྟན་སྲུང་བྱས་ནས་ལོ་བཅུ་ལྷག་འགོར་ཞིང་། ལོ12ཀྱི་སྔོན་ལ་རྒྱལ་ཡོངས་ཀྱི་བུད་མེད་མཐོ་རིམ་སློབ་འབྲིང་དང་པོ་བཙུགས་ཤིང་། ད་ལྟའི་བར་བུ་མོ་དབུལ་པོ1800ལྷག་ལ་སློབ་ཆེན་གྱི་ཕུགས་འདུན་སྒྲུབ་རོགས་བྱས་ནས། རི་ཁུལ་དབེན་སའི“སློབ་གསོའི་མཛད་རྗེས་ངོ་མཚར་ཅན”བསྐྲུན། ཀྲང་ཀུའེ་མེ་ཡིས་བཤད་རྒྱུར། “བུ་མོ་ཞིག་གིས་མི་རབས་གསུམ་ལ་ཤུགས་རྐྱེན་ཐེབས་སྲིད།” གལ་ཏེ་རིག་གནས་ཡོད་པ་དང་འགན་འཁྲི་ཡོད་པའི་ཨ་མ་ཞིག་གསོ་སྐྱོང་བྱེད་ཐུབ་ན། རི་ནང་གི་བྱིས་པའི་སློབ་མཚམས་འཇོག་མི་སྲིད་ལ། དྭ་ཕྲུག་ཏུ་དེ་བས་ཀྱང་འགྱུར་མི་སྲིད། །

1.jpg

2.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།