ཀྲུང་གོ་བོད་ཀྱི་དྲ་བ།

ཅིག་སན་སློབ་ཚོགས་ཀྱི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་པེ་ཅིན་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅིག་སན་སློབ་ཚོགས་ཀྱི་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་པེ་ཅིང་དུ་བསྡུས་ཤིང་། ཐེངས་འདིའི་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཅིག་སན་སློབ་ཚོགས་ཀྱི་སྐབས་བཅུ་བཞི་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་སྙན་ཞུར་ཉན་པ་དང་དེར་གྲོས་ཞིབ་བྱ་རྒྱུ་སོགས་རེད། ཅིག་སན་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ་ཡིས་ཅིག་སན་སློབ་ཚོགས་ཀྱི་སྐབས་བཅུ་བཞི་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ་བ་དང་། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། རྒྱལ་གཅེས་དང་དམངས་གཙོ། ཚན་རིག་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གང་ལེགས་བྱས་ནས།  ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་གཏན་འབེབས་ལག་བསྟར་བྱེད་པར་དམིགས་ཏེ། རང་འགན་གཙང་སྒྲུབ་དང་སེམས་ཤུགས་གཅིག་སྒྲིལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་རྩོམ་རྒྱུ་དང་གོམ་སྟབས་ལེགས་པོ་སྤོ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ཚོགས་ཐོག་ནས་ད་དུང་ཅིག་སན་སློབ་ཚོགས་ཀྱི་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།