ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་འཕྲིན་ཡིག་བསྐུར་ནས་ཉིས་སྟོང་ཉི་ཤུ་ལོའི་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་མཐོ་རིམ་གླེང་སྟེགས་ལོ་ཚོགས་བསྡུས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་ཉི་ཤུ་ལོའི་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་མཐོ་རིམ་གླེང་སྟེགས་ལོ་ཚོགས་ཚེས་དགུ་ཉིན་བརྙན་རིས་སྦྲེལ་མཐུད་ཀྱི་རྣམ་པའི་སྟེང་ནས་ཞ་མིན་གྲོང་ཁྱེར་དང་ཐའེ་པེ་གྲོང་ཁྱེར་ནས་དུས་མཉམ་གཅིག་ཏུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་མཐོ་རིམ་གླེང་སྟེགས་ལས་འཛིན་ལྷན་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་བྱས་ནས། ལོ་ཚོགས་བསྡུས་པར་རྟེན་འབྲེལ་ཞུས་པར་མ་ཟད། མཐོ་རིམ་གླེང་སྟེགས་ཀྱི་ཚོགས་མི་ཡོངས་དང་ཚོགས་ཞུགས་སྐུ་མགྲོན་ལ་འཚམས་འདྲི་བྱས།

ཝང་དབྱང་གིས་གསུངས་རྒྱུར། དཔལ་འབྱོར་མཉམ་ལས་ནི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན་ལ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ལྟ་བུའི་ཐུན་མོང་གི་ཁེ་ཕན་དང་ཀུན་ནས་མཐུན་ཟེར།  ཁོས་མུ་མཐུད་དུ་ནན་གྱིས་བསྟན་དོན། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་དུ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་རིམ་གྱི་སྐམ་ས་ཆེན་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་འཆར་གཞི་བཀོད་པ་དང་། ཉིས་སྟོང་སོ་ལྔ་ལོར་སླེབས་དུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུའི་རྒྱང་རིང་གི་དམིགས་འབེན་བཟོས་ཡོད་ཅིང་། དེས་རྒྱ་ཆེའི་ཐའེ་ཝན་གྱི་ཁེ་ལས་དང་ཐའེ་ཝན་སྤུན་ཟླའི་བར་གོ་སྐབས་གལ་ཆེན་དང་ཡུན་རིང་ཕན་པ་ཐོབ་ངེས་ཡིན། ང་ཚོས་ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་དང“དགུ་གཉིས་ཐུན་མོང་ལྟ་བ”རྒྱུན་འཁྱོངས་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་བདེ་སྐྱིད་རྒྱབ་རྟེན་དུ་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་ནས་གོང་འཕེལ་དང་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། མཚོ་འགག་འགྲམ་གཉིས་ཀྱི་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགྲམ་གཉིས་ཀྱི་ཐུན་མོང་ཁྲོམ་ར་བསྐྲུན་ནས། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་སྟོབས་ལྡན་ཅན་དུ་གཏོང་དགོས། ང་ཚོས་ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་ལ་འགན་སྲུང་དང་སྐམ་ས་ཆེན་མོ་ནས་ཐོབ་ཐང་འདྲ་མཉམ་ལོངས་སུ་སྤྱོད་པའི་ལམ་ལུགས་དང་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་ནས། ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་གྱི་ཁེ་ལས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ནང་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཐའེ་ཝན་སྤུན་ཟླར་བདེ་སྐྱིད་ཐོབ་འདོད་ཀྱི་ཚོར་བ་སྔར་ལས་མང་པོ་སྐྱེས་སུ་འཇུག་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། ཁེ་ལས་ནི་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་བྱེད་པོ་ཡིན་ལ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱས་རྗེས་འཇོག་མཁན་ཡང་ཡིན། མཐོ་རིམ་གླེང་སྟེགས་ཕྱོགས་གཉིས་ཀྱི་ལས་འཛིན་ལྷན་ཚོགས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མི་རིགས་ཀྱི་བདེན་དོན་རྒྱུན་འཁྱོངས་བྱེད་རོགས་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཁྱབ་རྒྱ་སྔར་ལས་ཆེ་རུ་བཏང་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་ཁེ་ཕན་དང་བདེ་སྐྱིད་སྔར་ལས་ཇེ་བཟང་ཇེ་སྐྱིད་དུ་གཏོང་བར་འབད་དེ། རྡོག་རྩ་གཅིག་སྒྲིལ་གྱིས་མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འབད་འབུངས་ལྷོད་མེད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།