ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱེད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས7ཉིན་ནས་ཚེས8ཉིན་བར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་གྲོང་ཁྱེར་དང་ཁུལ་སོ་སོ་དང་ལས་ཁུངས་སོ་སོར་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡན་ཀའོ་གོ་དང་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཁང་ལེན། ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཀུན་ཧོང་ཀྲིག ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཧོང་པོ། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཀྲང་གཞོན་པ། ཞིབ་འཇུག་པ་སུང་ཧྥ་ཕིང་། ཞིང་ཆེན་ས་གནས་དངུལ་རྩ་ལྟ་ཞིབ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཅན་ལིས། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལིས་ཝེ། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ཧའོ་ཁོན་ཅང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ་གཞོན་པ། དགེ་རྒན་ཆེན་མོ་ཚུའེ་ཡེ་ཀྲུང་བཅས་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སོ་སོར་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་དངུལ་ཁང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ལ་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་ཡུན་རིང་གི་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི་གཙོ་གནད་དུ་བྱས་པ་དང་། མིག་སྔའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་འབྲེལ་འདྲིས་དམ་ཟབ་བྱས་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དོན་སྙིང་གལ་ཆེན་དང་ཏང་ཀྲུང་དབྱང་གིས་ཉིས་སྟོང་སོ་ལྔ་ལོའི་ཡུན་རིང་གི་མདུན་ལྗོངས་དམིགས་འབེན་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་དམིགས་འབེན་གཏན་འབེབས་བྱེད་པའི་འཐབ་ཇུས་བསམ་གཞིགས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་མཛུབ་སྟོན་བྱེད་ཕྱོགས་དང་ལས་འགན་གལ་ཆེན་སོགས་ནང་དོན་སྒྲོག་འགྲེལ་ཟབ་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་བཟང་བོ་བྱེད་པ་དང་རྒྱུས་ལོན་གསལ་བོ་བྱེད་པར་སྣེ་ཁྲིད་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས།

ཚོགས་ཞུགས་མི་སྣས་མཐའ་གཅིག་ཏུ། སྒྲོག་འགྲེལ་སྙན་ཞུ་ཚོགས་འདུའི་བརྗོད་དོན་གསལ་ཞིང་དང་ནང་དོན་ཕུན་སུམ་ཚོགས་ལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུས་ལོན་བྱེད་པ་དང་བྱ་བ་སྤེལ་བའི་ཐད་ལག་ལེན་དང་མཛུབ་སྟོན་གྱི་དོན་སྙིང་ལྡན་ཟེར། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ས་ཆའི་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲང་ཞུའེ་ཡོན་གྱིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རང་བྱུང་སྲུང་སྐྱོབ་ས་གནས་ཀྱི་མཉམ་བསྲེས་ལེགས་བསྒྱུར་དང་། ཚན་རིག་དང་མཐུན་པ་དང་ཕན་འབྲས་ལྡན་པའི་དོ་དམ། སྣ་མང་ཅན་གྱི་དངུལ་གཏོང་། མི་དང་རང་བྱུང་འཆམ་མཐུན་མཉམ་ལས་སོགས་ཕྱོགས་ནས་རྒྱལ་ཡོངས་ལ་དཔེ་སྟོན་དང་དཔེ་གཞི་འདོན་སྤྲོད་བྱེད་དགོས་ཟེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཡིད་རྟོན་མ་ལག་འཛུགས་སྐྲུན་ཁི་ཡི་ཁི་ཀྲང་མཱ་ཆེན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་བཟང་བོ་བྱེད་རྒྱུ་ནི། འཕེལ་རྒྱས་བཅོས་བསྒྱུར་བྱ་བ་སྒྲུབ་མཁན་གྱི་འགན་འཁྲི་ཡིན་པ་དང་། མ་འོངས་ལ་རྒྱང་ལྟ་བྱས་ནས། ང་ཚོས་སྤོབས་པ་ཆེན་པོ་དང་སྤུས་ཚད་མཐོན་པོས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལས་འགན་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ཏེ། ཧུར་ཐག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་སྔོན་ནས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།