ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོ་དང་སང་ལོའི་མཐོ་རིམ་ཆེད་ལས་སློབ་མ་བསྡུ་ཚད་ཁྲི200ལ་སླེབས་སྲིད་པས་སློབ་མའི་ཡོང་ཁུངས་ཕྱོགས་ནས་སྣ་མང་ཅན་གྱི་ཁྱད་ཆོས་མངོན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས8ཉིན།གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་དང་སང་ལོའི་མཐོ་རིམ་ཆེད་ལས་སློབ་གྲྭས་སློབ་མ་བསྡུ་ཚད་ཁྲི200ལ་རྒྱ་བསྐྱེད་རྒྱུ་ཡིན་ཞིང་། ད་ལྟ་སློབ་བསྡུ་བྱ་བ་བདེ་བླག་རེད། སློབ་མའི་ཡོང་ཁུངས་སྣ་མང་ཅན་གྱི་ཁྱད་ཆོས་མངོན་དུ་འཇུག་ཆེད། སློབ་གསོ་པུའུ་ཡིས་བྱེད་ཐབས་སྣ་མང་སྤྱད་དེ་སྤུས་ཚད་ཅན་གྱི་སློབ་བསྡུར་ཁག་ཐེག་བྱས། 

སློབ་གསོ་པུའུ་ཆེད་ལས་སློབ་གསོ་དང་དར་མའི་སློབ་གསོ་སི་ཡི་སི་ཀྲང་ཁྲིན་ཙིིའི་ཅི་ཡིས་ཉིན་དེའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་མཚམས་སྦྱོར་བ་ལྟར་ན། 2019ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་བཏོན་པའི་མཐོ་རིམ་སློབ་གྲྭས་སློབ་མ་ཁྲི100བསྡུ་དགོས་པ་དང་། 2020ལོར་ཡང་བསྐྱར་ད་ལོ་དང་སང་ལོའི་ལོ་གཉིས་ལ་བསྟུད་མར་སློབ་མ་ཁྲི200རྒྱ་བསྐྱེད་དེ་བསྡུ་རྒྱུའི་རེ་བ་བཏོན། སློབ་གསོ་སྡེ་ཁག་གིས་སློབ་བསྡུ་འཆར་གཞི་རིགས་བགར་དང་། རིགས་དབྱེའི་རྒྱུགས་ལེན་དཔྱད་འཇོག བསྡུ་ལེན་འདེམས་པ་སོགས་ཀྱི་རྣམ་པས།ཆ་རྐྱེན་ལོངས་པའི་སློབ་མས་མཐོ་རིམ་ཆེད་ལས་སློབ་གསོ་མྱོང་བའི་གོ་སྐབས་ལྡན་དུ་བཅུག  2019ལོའི་མཐོ་རིམ་ཆེད་ལས་སློབ་གྲྭས་སློབ་མ་ཁྲི116བསྡུས་ཤིང་། ད་ལོར་སློབ་བསྡུ་བྱ་བ་སྤེལ་བ་བདེ་བླག་རེད།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།