ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སང་གཱ་ཕོར་གྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་དང་མཉམ་དུ་ཀྲུང་གོ་དང་སང་གཱ་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་ནང་རྐྱེན་ཚོགས་འདུར་འགོ་འཛིན་མཛད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཀྲུང་གོ་དང་སང་གཱ་ཕོར་གྱི་ཕྱོགས་གཉིས་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་དང་། ཀྲུང་གོ་དང་སང་གཱ་ཕོར་གྱི་སུའུ་ཀྲིག་བཟོ་ལས་ར་བའི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཅིག་པ། ཀྲུང་གོ་དང་སང་གཱ་ཕོར་གྱི་ཐེན་ཅིན་སྐྱེ་ཁམས་གྲོང་གི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ། ཀྲུང་གོ་དང་སང་གཱ་ཕོར་གྱི་ཁྲུང་ཆིན་འཐབ་ཇུས་རང་བཞིན་གྱི་ཕན་ཚུན་སྦྲེལ་མཐུད་ཀྱི་དཔེ་སྟོན་རྣམ་གྲངས་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་བཅས་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་བརྙན་རིས་ཀྱི་ལམ་ནས་བསྡུ་རྒྱུ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སང་གཱ་ཕོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་དང་མཉམ་དུ་གོང་གསལ་གྱི་གྲོས་ཚོགས་ལ་འགོ་འཛིན་མཛད་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།