ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ནར་མ་སོན་པ་དང་ཞིང་བ་བཅས་ཚོགས་སྤྱིའི་ཞུ་གཏུགས་དབང་ཆར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས7ཉིན།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་བས་ཚེས7ཉིན་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པའི་བྱ་བའི་གྲོས་ཚོགས་སྟེང་བསྟན་དོན། ནར་མ་སོན་པ་དང་ཞིང་བ།དཀའ་ཁག་ཡོད་པའི་མང་ཚོགས་སོགས་ཀྱི་དམངས་དོན་ཞུ་གཏུགས་བྱེད་པར་རང་ཉིད་ཀྱི་ཁྲིམས་མཐུན་དབང་ཆར་སྲུང་སྐྱོབ་བྱེད་པ་དང་། ཞུ་གཏུགས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ནས་ཁྲིམས་འཛིན་གྱི་ནུས་པ་མངོན་དགོས་ཞེས་བསྟན། 

སང་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དམངས་དོན་ཁྲིམས་གཞུང་གིས་ནར་མ་སོན་པའི་སྲོལ་ཡིག་མང་པོ་དང་འབྲེལ་བའི་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་ལ་ཕན་ཁེ་ཡོད་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་དོན་ཁྲིམས་གཞུང་གི་ནར་མ་སོན་པའི་མིའི་སྲུང་སྐྱོབ་ཀྱི་བླང་བྱ་གསར་བ་དང་།ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བ་གསར་གཏོད་དོན་འཁྱོལ་བྱེད་རྒྱུ་རེད།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།