ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་ཁབ་ཚན་རྩལ་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

1.jpg

ཟླ12པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུའི་སྟེང་ཞུགས།

    ཚོགས་འདུའི་ཐོག་ཚན་རྩལ་པུས་སྙན་སེང་ཞུས་པ་དང་། ཚོགས་ཞུགས་བློ་མཐུན་ཚོས་གྲོས་བསྡུར་བྱས་པ་རེད། ལིས་ཁི་ཆང་གིས་བཤད་རྒྱུར། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་སུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་མགྱོགས་མྱུར་ངང་ཐོན་པ་དང་། མི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་རྒྱ་ཁྱབ་ཏུ་སྤེལ་ནས། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་མགྱོགས་མྱུར་འཕེལ་རྒྱས་སུ་བཏང་སྟེ། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། དུས་མཚུངས་སུ། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་སྟོབས་མི་ལྡན་པ་དང་། རྨང་གཞིའི་ཞིབ་འཇུག་དང་དེ་བཞིན་ཐོག་མའི་གསར་གཏོད་བྱེད་ཤུགས་ཞན་པ། འགག་རྩའི་ལག་རྩལ་ཁ་ཤས་འགག་གནད་ལས་སྒྲོལ་དགོས་པ་སོགས་ཀྱི་གནད་དོན་གནས་ཡོད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ངེས་པར་དུ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགག་གནད་སྒྲོལ་ཐབས་དང་། འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་གཏོད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། བཅོས་སྒྱུར་ལ་བརྟེན་ནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྔར་ལས་སྐུལ་སློང་གང་ཐུབ་དང་། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཚན་རྩལ་དངོས་ཤུགས་ཆེས་ཆེར་འཕར་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཆགས་པར་བྱེད་དགོས་ཞེས་བཤད།

  སུན་ཁྲུན་ལན་དང་། ལིའུ་ཧོ། ཤའོ་ཅེ། ཧོ་ལི་ཧྥུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།