ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་སྟེང་གི་གསུང་བཤད》དེབ་རྐྱང་མ་དཔེ་སྐྲུན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས7ཉིན། 《ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་སྟེང་གི་གསུང་བཤད།》ཅེས་པའི་དེབ་རྐྱང་མ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས།མི་འགྱང་བར་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་ནས་འགྲེམས་སྤེལ་བྱ་རྒྱུ་རེད། །

  དེབ་དེའི་ནང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་རིམ་དང་པོའི་ཚོགས་འདུ་ཐོག་གནང་བའི་གསུང་བཤད《ཧུར་ཐག་གིས་རིམས་འགོག་བྱས་ཏེ། མ་འོངས་པ་མཉམ་སྐྲུན་བྱ་དགོས》དང《རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ལི་ཡ་ཏེ་དབུ་ཚོགས་ཀྱི“སའི་གོ་ལར་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཞོར་ཚོགས་ཐོག་གནང་བའི་ཤིས་ཚིག》བསྡུས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།