ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉི་ཤུ་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རྒྱལ་སྐྱོང་སྲིད་གླེང་བགྲོ་གླེང་ཚོགས་འདུ་དང་མི་གཞུང་བརྗེ་རེས་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོ་དྲ་ཐོག་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཉིས་སྟོང་ཉི་ཤུ་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རྒྱལ་སྐྱོང་སྲིད་གླེང་བགྲོ་གླེང་ཚོགས་འདུ་དང་མི་གཞུང་བརྗེ་རེས་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོ་དྲ་ཐོག་ནས་བསྡུས། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་གླེང་སྟེགས་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་སྟེང་གྲོས་འགོ་གལ་ཆེན་བཏོན་པའི་བྱེ་བྲག་བྱེད་ཐབས་ལག་བསྟར་དང་དངོས་འབེབས་བྱས་ཏེ།  རྒྱལ་སྐྱོང་སྲིད་གླེང་གི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་ཞིང་མི་གཞུང་འབྲེལ་འདྲིས་མཉམ་ལས་རྒྱ་བསྐྱེད་པ་དང་། གསེར་གྱོམ་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་ཞིང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་བསྡུས་པ་རེད།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཀྲུང་གོའི་མ་འོངས་པའི་ལོ་ལྔ་དང་ཐ་ན་ཉིས་སྟོང་སོ་ལྔ་ལོའི་འཕེལ་རྒྱས་འཆར་འགོད་གཏན་འཁེལ་བྱས་པ་དང་། དེ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གླེང་གི་དགོངས་པ་གལ་ཆེན་གྱི་ཆེས་གསར་བའི་འཕེལ་རྒྱས་གང་ལེགས་སྒོས་མཚོན་པར་བྱས་ཡོད། ཕྱོགས་སོ་སོས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་མཉམ་དུ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། མཉམ་དུ་འཕེལ་རྒྱས་ལ་ཇུས་འགོད་བྱེད་དགོས་པར་མ་ཟད། རྒྱལ་སྐྱོང་སྲིད་གླེང་དང་རིག་གནས། ལུས་རྩལ། སྒྱུ་རྩལ། གློག་བརྙན། ནས་གཞོན་སོགས་ཁྱབ་ཁོངས་སུ་གྲོས་མོལ་བརྗེ་རེས་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

སྐབས་འདིའི་བགྲོ་གླེང་ཚོགས་འདུ་དང་གླེང་སྟེགས་དེ་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་གོ་ཕྱི་ཡིག་ཅུའུ། འོད་ཟེར་ཉིན་རེའི་ཚོགས་པར་ཁང་། ཨུ་རུ་སི་ཚགས་པར། ཨུ་རུ་སི་དང་ཀྲུང་གོའི་མཛམ་མཐུན་མཐུན་ཚོགས་བཅས་ཀྱིས་མཉམ་དུ་བསྡུས་པ་ཡིན་ལ། གསེར་གྱོམ་རྒྱལ་ཁབ་ལྔའི་འབྲེལ་ཡོད་འགོ་གཙོ་དང་རིག་མཛོད། ཞིབ་འཇུག་ལས་ཁུངས་ཀྱི་འགན་འཁུར་བ་དང་དེ་མིན་རིག་གནས་ལས་རིགས་དང་ཁེ་ལས་ལས་རིགས་ཀྱི་འཐུས་མི་བརྒྱ་དང་ལྔ་བཅུ་ལྷག་བགྲོ་གླེང་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།