ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་དང་མཇལ་འཛོམས་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གློག་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཞི་ཉིན་པེ་ཅིང་དུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་དང་མཇལ་འཕྲད་གནང་ནས་ནན་གྱིས་བསྟན་དོན། ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་ཁྲོད་དུ་རང་རྟོགས་ཀྱིས་ཆོས་ལུགས་ཀྱི་བྱ་གཞག་ཇུས་འགོད་དང་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ཝང་དབྱང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་འདུ་ཐེངས་བཅུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་ནས། ཆོས་ལུགས་ཚོགས་པ་གཉིས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་འདུ་ཐེངས་དགུ་པ་འཚོགས་པའི་ཚུན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ནས་ནན་གྱིས་བསྟན་དོན། སྐབས་གསར་པའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་རྒྱུ་དང་། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།