ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་ཟུར་པ་ཏེ་སི་ཐན་སྐུ་གཤེགས་པར་ཙུང་ཐུང་མཱ་ཁི་ལུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གློག་འཕྲིན། ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་ཟུར་པ་ཏེ་སི་ཐན་སྐུ་གཤེགས་པར་ཧྥ་རན་སིའི་ད་ལྟའི་ཙུང་ཐུང་མཱ་ཁི་ལུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་མྱ་ངན་ཟབ་མོ་ཞུས།

ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་བསྟན་དོན། སྐུ་ཞབས་ཏེ་སི་ཐན་ནི་ཧྥ་རན་སིའི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་ཞིག་དང་ཡོ་རོབ་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་ཡིན། ཁོང་གིས་ཀྲུང་གོའི་རིག་གནས་ལ་དགའ་ཞེན་དང་ཀྲུང་ཧྥའི་མཛའ་གྲོགས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་ཧྥའི་མཛའ་གྲོགས་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།