ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཆིན་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་ཚོགས་འདུར་ཤིས་ཚིག་ཕུལ་ཏེ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གློག་འཕྲིན། ཆིན་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་པེ་ཅིང་དུ་བསྡུས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་དེ་ཚོགས་འདུ་བསྡུས་པར་ཤིས་ཚིག་ཕུལ་བར་མ་ཟད། བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། གློ་ཚད་ཀྱི་རིམས་ནད་གསར་པ་སྔར་བཞིན་འཛམ་གླིང་ཡོངས་སུ་མཆེད་བཞིན་ཡོད་ཅིང་། དེས་འཛམ་གླིང་གི་དཔལ་འབྱོར་ལ་འགལ་རྐྱེན་ཚབས་ཆེན་ཅི་རིགས་བཟོས་པར་བརྟེན། རྒྱལ་སྤྱིའི་གནས་བབ་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རང་བཞིན་མངོན་གསལ་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་སྒོས་འགྲན་སློང་ལ་ཁ་གཏད་གཅོག་དགོས། ཀྲུང་གོས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་གཉིས་ལྡན་ཕན་ཚུན་སྐུལ་སྤེལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་བཞིན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ཧུར་བརྩོན་ཆེན་པོས་འཛམ་གླིང་ཡོངས་ཀྱི་ཚོང་རར་ཞུགས་གང་ཐུབ་བྱེད་པ། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཆེད་ལེགས་སྐྱེས་འབུལ་དགོས། ཀྲུང་གོས་སློབ་གསོ་དང་ཚན་རྩལ་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཨུ་ཡོན་ཚོས་ཀྲུང་གོའི་འཕེལ་རྒྱས་ལ་བློ་འདོན་ཇུས་འབུལ་ཧུར་ཐག་བྱ་རྒྱུའི་རེ་བ་ཆེ་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།