ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཀྲིག་ཡུང་ཁེ་དང་ཀྲང་ཀོས་མའེ། ཧའེ་ཅོན་དང་ལིས་ཞྭ། ལུའུ་ཡོང་ཀུན། ཀྲང་ཞའོ་ཅོན། ཅ་ཟི་ལའེ་ཐིས་མཱ་ཧི་སུའུ་བཅས་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་གནང་རྒྱུའི་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ལས་དོན་ཁྲོད་དུ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཕུགས་བསམ་གྱི་ཡིད་ཆེས་བརྟན་ཅིང་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ། འགན་འཁྲི་ཕྲག་སྟེང་དུ་འཁུར་ཐུབ་པ་བཅས་ཀྱི་ཏང་ནང་ཁུལ་གྱི་སྔོན་ཐོན་དཔེ་མཚོན་ཏང་ཡོན་སྐོར་ཞིག་ཐོན། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ། སྲོལ་རྒྱུན་བཟང་བོ་དར་སྤེལ་བཅས་གཏོང་ཆེད་དང་། ཡང་ན་སྔོན་ཐོན་དཔེ་མཚོན་དཔེ་སྟོན་གྱི་སྣེ་འདོམས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྲིད་སྟོན་དང་སྐུལ་མ་ཐེབས་སུ་འཇུག་ཆེད། ཏང་ཀྲུང་དབྱང་གིས་བློ་མཐུན་ཀྲིག་ཡུང་ཁེ་དང་ཀྲང་ཀོས་མའེ་གཉིས་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་གནང་རྒྱུ་དང་། དེ་བཞིན་དུ་བློ་མཐུན་ཧའེ་ཅོན། ལིས་ཞྭ། ལུའུ་ཡོང་ཀུན། ཀྲང་ཞའོ་ཅོན། ཅ་ཟི་ལའེ་ཐིས་མཱ་ཧི་སུའུ་བཅས་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་གནང་རྒྱུ་ཐག་བཅད།

ཐག་གཅོད་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་རྩ་འཛུགས་ཀྱིས་བློ་མཐུན་ཀྲིག་ཡུང་ཁེ་སོགས་མི་བདུན་གྱི་སྔོན་ཐོན་མཛད་རྗེས་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། རྣམ་པ་སྣ་མང་དང་བྱེད་ཐབས་གང་བཟང་སྤྱད་དེ་སློབ་སྦྱོང་དྲིལ་སྒྲོག་གི་ལས་སྒོ་སྤེལ་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།