ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ཡོན་ལྷན་ཁང་གི2020ལོའི་ཚོགས་འདུར་ཤིས་ཚིག་ཕུལ་ཏེ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ20འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཟླ12པའི་ཚེས3ཉིན་ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ཡོན་ལྷན་ཁང་གི2020ལོའི་ཚོགས་འདུ་པེ་ཅིང་དུ་འཚོགས།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་ཚོགས་འདུར་ཤིས་ཚིག་ཕུལ་བ་དང་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ20འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས3ཉིན་ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ཡོན་ལྷན་ཁང་གི2020ལོའི་ཚོགས་འདུ་པེ་ཅིང་དུ་འཚོགས།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་ཚོགས་འདུར་ཤིས་ཚིག་ཕུལ་བ་དང་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ20འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

  ཞི་ཅིན་ཕིང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་མཆེད་བཞིན་ཡོད་པས། འཛམ་གླིང་གི་དཔལ་འབྱོར་ལ་ཕོག་ཐུག་ཚབས་ཆེན་བཟོས་ཤིང་། རྒྱལ་སྤྱིའི་གནས་བབ་བརྟན་པོ་མིན་པ་དང་ངེས་གཏན་མེད་པའི་རང་བཞིན་མངོན་གསལ་དུ་གྱུར་བཞིན་ཡོད། རྒྱལ་ཁབ་སོ་སོས་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་དགོས། ཀྲུང་གོས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོར་བཟུང་ནས་རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་གཉིས་བར་ཕན་ཚུན་སྐུལ་སྤེལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་བཞིན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཕྱི་ཕྱོགས་ལ་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྔར་ལས་ལྷག་པར་ཧུར་ཐག་སྒོས་གོ་ལ་ཧྲིལ་པོའི་ཚོང་རར་ཞུགས་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་ལེགས་སྐྱེས་དབུལ་དགོས། དེར་བརྟེན་ཀྲུང་གོས་སློབ་གསོ་དང་ཚན་རྩལ་ཐད་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་འདོད་ཡོད་ལ་ཨུ་ཡོན་རྣམས་ཀྱིས་ཧུར་ཐག་སྒོས་ཀྲུང་གོའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱ་རྒྱུ་རེ་བ་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།