ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ཉིན་མོ། ཁོང་ཚོ་དང་འབྲེལ་བའི་དོན་འདི་དག་ཁ་པར་སྟེང་ནས་བསྒྲུབ་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།


12བའི་ཚེས3ཉིན་ནི་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ཉིན་མོ་རེད།

དབང་བོ་སྐྱོན་ཅན་རྣམས་ཀྱི་བྱ་བ་བསྒྲུབ་པར་སྟབས་བདེ་བསྐྲུན་ཆེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་བོ་སྐྱོན་ཅན་ཅན་ལ་རོགས་སྒྲུབ་ཁུལ་བྱ་བའི་བྱ་རིམ་ཆུང་བ་འདི་བསྒྲགས་ཡོད།

微信图片_20201203092605.jpg

དབང་བོ་སྐྱོན་ཅན་གྱི་དཔང་ཡིག་དང་དབང་བོ་སྐྱོན་ཅན་གྱི་རོགས་དངུལ་སོགས་དང་འབྲེལ་བའི་ཞབས་ཞུ་ཚང་མ་སྒོར་འགྲོ་མི་དགོས་བར་ཁ་པར་སྟེང་ནས་བསྒྲུབ་ཆོག་པ་མ་ཟད། ལས་བསྒྲུབ་མགྱོགས་ཚད་དང་ལས་རིམ་ཚང་མ་འཆར་ཐུབ། གཤམ་གྱི་རྩ་གཉིས་ཨང་བཤེར་བརྒྱུད་ནས་བསྒྲུབ་ཆོག

微信图片_20201203092620.jpg

དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ལེན་པ།

དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ལེན་པར་རང་ཉིད་ཀྱི་ཆ་འཕྲིན་སྤྲད་དེ་སྐྱོན་ཅན་གྱི་རིགས་དང་རང་ཉིད་ཀྱི་པར་སྤྲད་རྗེས་བསྒྲུབ་ཚར་བ་ཡིན།


གཞན། དབང་བོ་སྐྱོན་ཅན་དཔང་ཡིག་བརྗེས་པ་དང་ཆ་འཕྲིན་བསྒྱུར་བ། དཔང་ཡིག་གསུབ་པ་སོགས་འདི་ནས་བསྒྲུབ་ཆོག

微信图片_20201203092650.jpg

དབང་བོ་སྐྱོན་ཅན་གྱི་རོགས་དངུལ་ལེན་པ།

རོགས་དངུལ་ལེན་པ་དང་རོགས་དངུལ་འཚོལ་ཞིབ་ཡང་ཧ་ཅང་སྟབས་བདེ་ཡིན། 

微信图片_20201203092654.jpg

རོགས་དངུལ་གཉིས་ལེན་པར་གསལ་འདེབས་བྱས་པའི་ཆ་འཕྲིན་སྤྲད་པས་ཆོག

微信图片_20201203092658.jpg微信图片_20201203092704.jpg

ལས་བསྒྲུབ་བྱ་བའི་ཟིན་ཐོ་དང་མགྱོགས་ཚད་ཚང་མ་བལྟ་ཐུབ།


རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།