ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བའི་ལྷ་མོ་རྟགས་ཅན་ལྔ་བའི་འཚོལ་ཞིབ་འཕྲུལ་ཆས་ཀྱིས་འཆར་གཞི་ལྟར་ཟླ་བའི་ངོས་ཀྱི་མ་དཔེ་བསྡུ་ལེན་བྱ་བ་སྤེལ་སྒང་ཡིན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས2ཉིན། གསར་འགོད་པས་རྒྱལ་ཁབ་མཁའ་བསྐྱོད་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ12པའི་ཚེས2ཉིན་གྱི་དུས་ཚོད4དང་སྐར་མ་53སྟེང་། ཟླ་བའི་འཚོལ་ཞིབ་བཟོ་སྐྲུན་གྱི་ཟླ་བའི་རྟགས་ཅན་ལྔ་བའི་སར་འབབ་འཕྲུལ་ཆས་དང་ཡར་འཇོག་འཕྲུལ་ཆས་འདུས་གཟུགས་ཀྱིས་ཟླ་བའི་གོ་ལའི་ངོས་ནས་མ་དཔེ་བསྡུ་ལེན་དང་ཐུམ་འཇུག་ལེགས་འགྲུབ་བྱས། འཚོལ་ཞིབ་འཕྲུལ་ཆས་དེ་ཟླ12པའི་ཚེས1ཉིན་གྱི་དུས་ཚོད་23སྟེང་ཟླ་བའི་གོ་ལའི་སྟེང་བབས་ཤིང་། འོད་ནུས་གཤོག་པ་བརྐྱངས་ཤིང་ཟྭ་འབྱེད་སོགས་ཀྱི་འབྲེལ་ཡོད་གྲ་སྒྲིག་བྱ་བ་སྤེལ།

ད་ལྟ། སར་འབབ་འཕྲུལ་ཆས་དང་ཡར་འཇོག་འཕྲུལ་ཆས་འདུས་གཟུགས་ཀྱིས་འཆར་གཞི་ལྟར་མ་དཔེ་བསྡུ་ལེན་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ཞིང་། ཟླ་བའི་ལྷ་མོ་རྟགས་ཅན་ལྔ་བས་རང་འགུལ་མ་དཔེ་བསྡུ་ལེན་ལས་འགན་ལ་བརྐོ་འདྲུ་དང་། མ་དཔེ་མང་པོ་བསྡུ་ལེན་གྱི་རྣམ་པ་སྤྱད་ཡོད་ཅིང་། ས་བརྐོ་ཡོ་ཆས་དང་འཕྲུལ་ཆས་ལག་པས་ས་བརྐོ་བའི་རྣམ་པ་འཆར་འགོད་བྱས་ཡོད།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།