ཝང་དབྱང་རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བརྗོད་བྱ་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུའི་སྟེང་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ12པའི་ཚེས2ཉིན། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་ནས་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང“མི་རིགས་སོ་སོའི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས”ཞེས་པར་དམིགས་ནས་བཞུགས་མོལ་སྤེལ་རེས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུའི་སྟེང་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དུས་བསྟུན་འཕེལ་རྒྱས་ཀྱི་གསར་གཏོད་འཕེལ་རྒྱས་ཤིག་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཤིག་རེད། རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཞིབ་འཇུག་བྱེད་ཤུགས་མུ་མཐུད་ཆེར་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་དོན་སྙིང་གལ་ཆེན་ཁ་གསལ་བཟོས་ཏེ།  མི་རིགས་སོ་སོའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་གསལ་པོ་ཤེས་དགོས་པ་དང་།  རིགས་པའི་གཞུང་ལུགས་ཐད་གནས་པའི་ནོར་འཁྲུལ་གསལ་པོ་ཤེས་དགོས། ལས་ཀའི་ཁྲོད་གནས་པའི་ལྷུ་ཚིགས་ཞན་ས་གསལ་པོ་ཤེས་དགོས།  ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས་ཁ་གསལ་བཟོས་ནས། དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་བསྟན།

1.jpg

 ཟླ12པའི་ཚེས2ཉིན། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་ནས་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང“མི་རིགས་སོ་སོའི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས”ཞེས་པར་དམིགས་ནས་བཞུགས་མོལ་སྤེལ་རེས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུའི་སྟེང་ཞུགས་པ་མ་ཟད་གསུང་བཤད་གནང་།

 སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པ་དང་མཁས་དབང10ཡིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་བོད་ལྗོངས། ཀན་སུའུ་ཡི་ཚོགས་ར3དུ་གཏམ་བཤད་སྤེལ་བ་རེད། ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་ཞིབ་འཇུག་གི་བྱེད་གཞི་གསར་རྐྱང་ཞིག་རེད། ཉེ་བའི་ལོ་ཤས་རིང་འབྲེལ་ཡོད་ཕྱོགས་ཀྱིས་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་ལག་ལེན་འཚོལ་ཞིབ་ཁ་ཤས་བྱས་པས་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད་མོད། འོན་ཀྱང་ངོས་འཛིན་གཏིང་ཟབ་པོ་མ་བྱུང་བ་དང་། བསམ་བློ་དང་རིགས་པའི་གཞུང་ལུགས་ལ་ནོར་འཁྲུལ་ཡོད་པ། ལས་ཀ་དངོས་ཀྱི་ཉམས་མྱོང་ཉུང་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད།   འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། མཁོ་གནད་ཆེ་བའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་ཏན་ཏན་ཏིག་ཏིག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་གཏིང་ཟབ་ཏུ་གཏོང་དགོས་ཞེས་བཤད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་པིན་དང་པ་ཐེ་ཨར་གཉིས་ཚོགས་འདུར་ཞུགས། ཉིའུ་རུའུ་ཅི་དང་། ཝང་ཡན་ཀྲུང་། ཝང་ཞི་ཨེན། ཀའོ་དབྱང་། ཏིང་ཡོན་ཀྲུའུ། ཝང་ཀྲེན། མཱ་ཧུའུ་ཁྲེང་། ཨ་ལ་ཐན་ཚང་། ཝེ་ཀྲེན་ལིང་། ཀྲེན་ཏ་ཧྥ་སོགས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། སློབ་གསོ་པུའུ་བཅས་ཀྱི་འགན་འཁུར་བས་ཕན་ཚུན་སྤེལ་རེས་བྱས་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།