སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་བྱེད་པའི་ཆེད་མཁས་པའི་བློ་འདྲིའི་གྲོས་ཚོགས་པེ་ཅིན་ནས་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གཉིས་ཀྱིས་པེ་ཅིན་ནས་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་བྱེད་པའི་ཆེད་མཁས་པའི་བློ་འདྲི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་ནས། ཚན་རིག་པ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་འགུལ་སྐྱོད་གྲོས་སྡུར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྲིད་ཇུས་གཏན་འབེབས་བྱེད་པའི་ཐད་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། མཚོ་སྔོན་སྐྱེ་ཁམས་བདེ་འཇགས་ལྕགས་རིའི་མཐོ་ས་གསར་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་བ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་བ། མི་དང་རང་བྱུང་གི་ཚེ་སྲོག་ཐུན་མོང་ཚོགས་པའི་མཐོ་ས་གསར་བ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད་ཀྱི་མཐོ་ས་་གསར་བ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་གི་མཐོ་ས་གསར་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་མཐོ་ས་གསར་བ་བཅས་སུ་འཛུགས་སྐྲུན་བྱེད་པའི་ནང་དོན་དང་དམིགས་འབེན་གཙོ་བོ་གཏན་ཁེལ་བྱས་ཏེ། ཆབ་སྲིད་རང་རྟོགས་དང་ཆབ་སྲིད་ཁག་ཁུར་མཐོན་པོ་མངོན་པར་བྱས་ཡོད་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མིག་སྔར་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཆེས་བཟང་བའི་དུས་སྐབས་སུ་སླེབས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་ཚན་རིག་པ། ཆེད་མཁས་པ། སྐྱེ་ཁམས་ལས་ཁུངས་བརཅས་དང་མཉམ་ལས་བཟང་བོ་བྱས་ནས། མཉམ་དུ་མིའི་རིགས་ཀྱིས་དུས་རབས་གསར་བ་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་ཚན་རིག་གི་བྱེད་ཐབས་འཚོལ་ཞིབ་དང་ལག་ལེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་རིམ་པ་སྔར་ལས་མཐོན་པོའི་སྟེང་ཁྱིམ་གཞི་ལ་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ། མཐོ་སྒང་གི་སྲོག་ལྡན་སྐྱེ་དངོས་དང་རི་ཆུ། མཁའ་དབྱིངས་དང་སྤྲིན་དཀར་ལ་སྲུང་སྐྱོབ་བཟང་བོ་བྱས་ཏེ། ལོ་རྒྱུས་ལ་འགན་ཁུར་བ་དང་མི་དམངས་ལ་འགན་ཁུར་བ། འཛམ་གླིང་འགན་ཁུར་དགོས་ཟེར།

ཀྲི་གུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་ཚན་རིག་གླིང་། ཀྲུང་གོའི་གནམ་གཤིས་ཚན་རིག་ཞིབ་འཇུག་གླིང་། སྐྱེ་ཁམས་ཁོར་ཡུག་པུའུ་དང་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་། ཚན་རིག་ཞིབ་འཇུག་གླིང་བཅས་ནས་ཡོང་བའི་ཆེད་མཁས་པ་དང་རིག་གནས་པས་ཚོགས་ཐོག་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་གཞི་བཏོན།།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།