ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  ཟླ11པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། དམག་དཔུང་གི་ཆབ་སྲིད་བྱ་བའི་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཁེ་དབང་འགན་སྲུང་སྲོལ་ཡིག་བཅས་ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། ཆབ་སྲིད་བྱ་བ་ནི་མི་དམངས་དམག་དཔུང་གི་སྲོག་རྩ་ཡིན་པས། ཤུགས་སྣོན་དགོས་པ་ལས་ཉམས་དམས་སུ་གཏོང་མི་རུང་། དམག་དཔུང་གི་ཆབ་སྲིད་བྱ་བའི་སྲོལ་ཡིག་བཟོ་བཅོས་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པར་མ་ཟད། ཏང་གིས་དམག་དཔུང་གི་ཆབ་སྲིད་བྱ་བར་འགོ་ཁྲིད་པར་ཤུགས་སྣོན་ཞིང་དུས་རབས་གསར་བའི་ཆབ་སྲིད་དམག་འཛུགས་འཐབ་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་རེའི་དམག་དཔུང་དེ་ནམ་ཡང་ཏང་གིས་མཐའ་གཅིག་ཏུ་འགོ་ཁྲིད་པའི་མི་དམངས་དམག་དཔུང་ཞིག་ཏུ་འགྱུར་བར་འགན་སྲུང་བྱེད་པ། དུས་རབས་གསར་བའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་སྒོས་ལག་བསྟར་བྱེད་རྒྱུ་འགན་སྲུང་བྱེད་པ། ཏང་གིས་དུས་རབས་གསར་བའི་སྟོབས་ལྡན་དམག་དཔུང་གི་དམིགས་འབེན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་དེ་འཛམ་གླིང་དུ་མིང་གྲགས་ཆེ་བའི་དམག་དཔུང་ཞིག་ཏུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་དང་འཐབ་ཕྱོགས་བྱ་བར་དུས་དང་རྣམ་པ་ཀུན་ཏུ་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་ལ་བཟོ་བཅོས་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པར་དམིགས་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་སུ་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དུས་རབས་གསར་བར་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་ཟེར།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་བྱེད་པ་དང་ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཏང་ཡོན་གྱི་གཙོ་གཞིའི་གོ་གནས་ལ་བརྩི་འཇོག་བྱེད་པ་དང་ཏང་ཡོན་རྣམས་ཏང་ནང་ཁུལ་གྱི་ལས་དོན་ཁྲོད་ཞུགས་པའི་སྤྲོ་བ་ཇེ་ཆེར་གཏོང་དགོས་ལ། ཏང་ནང་ཁུལ་གྱི་དམངས་གཙོ་ལམ་ལུགས་མ་ལག་སྔར་ལས་ཆ་ཚང་དུ་བཏང་ནས་ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་དགོས་ཞེས་ནན་གྱིས་བསྟན།  བབ་བསྟུན་མདུན་སྐྱོད་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཁེ་དབང་འགན་སྲུང་སྲོལ་ཡིག་ལ་བཟོ་བཅོས་བྱེད་པ་དེ་ང་ཚོ་ཏང་གི་འགོ་ཁྲིད་ལམ་ལུགས་ཁྱད་སྟོབས་གང་ལེགས་སྒོས་མཚོན་པར་བྱེད་པ་དང་། ཏང་ཡོན་གྱི་གཙོ་གཞིའི་ནུས་པ་འདོན་སྤེལ་ཆེན་པོ་བྱེད་པར་ཕན་པ་ཡོད་པར་མ་ཟད། ཏང་ཡོན་ཚང་མས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཉམ་ད་འབད་བརྩོན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།