ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བདུན་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་ཕུལ་བའི་བརྙན་རིས་ཤིས་ཚིག་ལ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣའི་དོ་སྣང་ཆེན་པོ་ཐོབ། ཚང་མས་བཤད་དོན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ཤིས་ཚིག་ལས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བའི་ཀྲུང་གོདང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོར་བསྟན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་མྱུར་དུ་སྐུལ་འདེད་བཏང་ནས། སྔར་ལས་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་པར་རོགས་འདེགས་ཀྱི་ནུས་པ་འདོན་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅུ་གསུམ་ལོར་བདག་གིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་མཉམ་སྐྲུན་བྱེད་པ་དང་། ལག་རྡང་སྦྲེལ་ཏེ་སྔར་ལས་དམ་པོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་རྒྱུའི་རེ་བ་བཏོན། ལོ་བདུན་ཅུའི་རིང་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བ་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་ཁོངས་མཉམ་ལས་ཁྲོད་དུ་ཆེས་ལེགས་འགྲུབ་བྱུང་བ་དང་ཆེས་གསོན་ཤུགས་ལྡན་པའི་དཔེ་སྟོན་དུ་གྱུར་ཡོད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་དཔེ་མཚོན་དུ་ཡང་གྱུར་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། རང་སྟེང་གི་སླར་གསོར་བརྟེན་ནས་འཛམ་གླིང་མཉམ་དུ་སླར་གསོ་བྱེད་པར་སྣེ་ཁྲིད་བྱེད་པ་དང་།  ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཕན་འབྲས་ཐོབ་ཏུ་འཇུག་ངེས་ཡིན་ལ། མ་འོངས་པར་ཁ་ཕྱོགས་ཏེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་བར་སྟོང་སྔར་ལས་རྒྱ་བསྐྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།