ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དགུ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅོ་བརྒྱད་འཕར་སྣོན་བྱུང་བ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅོ་བརྒྱད་འཕར་སྣོན་བྱུང་བ་ཡར་ཞུ་བྱས་པ་དང་།    དེའི་ནང་གི་བཅོ་ལྔ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།      ཧྲང་ཧེ་རུ་ནད་པ་ལྔ་དང་ཧྲན་ཏུང་་དུ་ནད་པ་ལྔ། སི་ཁྲོན་དུ་ནད་པ་གསུམ། ཧྲན་ཞི་རུ་ནད་པ་གཅིག ཀོང་ཏུང་དུ་ནད་པ་གཅིག་བཅས་བྱུང་། རང་ས་གནས་ཀྱི་ནད་པ་གསུམ་ཡོད་པ་དང་ཚང་མ་ནང་སོག་ནས་བྱུང་བ་རེད།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་ཉེར་གཅིག་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་སྟོང་གཅིག་དང་དྲུག་བརྒྱ་ཉེར་བརྒྱད་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ནད་པ་གཅིག་གི་ཇེ་ཉུང་དུ་སོང་།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་ཞེ་དགུ་ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་གསུམ་ཡོད།   བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གསུམ་དང་བརྒྱད་བརྒྱ་ང་བརྒྱད་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་གསུམ་དང་དྲུག་བརྒྱ་དང་དགུ་ལ་སླེབས།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་སྟོང་དྲུག་དང་དགུ་བརྒྱ་སོ་ལྔ་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་སྟོང་དྲུག་དང་ཉིས་བརྒྱ་སོ་བརྒྱད་ཡོད་པ་དང་། ནད་པ་སྟོང་ལྔ་དང་སུམ་བརྒྱ་བཞི་བཅུ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བརྒྱ་དང་དགུ་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དྲུག་ཡོད་པ་དང་། ནད་པ་ཞེ་དྲུག་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་དྲུག་བརྒྱ་དང་ང་གཅིག་ཡོད་པ་དང་ནད་པ་ལྔ་བརྒྱ་དང་རེ་ལྔ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བདུན་རྐྱེན་ལམ་དུ་ཤོར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།