ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གྲངས་འཛིན་དཔལ་འབྱོར་ནི་གོ་ལ་ཧྲིལ་པོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་ཡིན་པ་དང་གསར་གཏོད་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཤོག་ཟུང་ལྟ་བུ་ཡིན་ཞེས་གསུངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཚེས20ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བདུན་པར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། གྲངས་འཛིན་དཔལ་འབྱོར་ནི་གོ་ལ་ཧྲིལ་པོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་ཡིན་པ་དང་གསར་གཏོད་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཤོག་ཟུང་ལྟ་བུ་ཡིན། ཁྱོན་ཡོངས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་པའི་དྲ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་གྱི་ལམ་རིས་ལ་དོན་འཁྱོལ་བྱ་རྒྱུ་དང་། ལག་རྩལ་གསར་པ་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། གྲངས་ཀའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། གྲངས་ཀའི་ཧེ་བག་སེལ་ཅི་ཐུབ་བཅས་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོར་གྲངས་འཛིན་ལག་རྩལ་གྱི་རིམས་ནད་འགོག་པ་དང་དཔལ་འབྱོར་སླར་གསོ་བྱེད་པའི་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུའི་གྲོས་འགོ་བཏོན་པ་མ་ཟད། གྲངས་འཛིན་ཚོང་གཉེར་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་དང་གྲངས་འཛིན་དཔལ་འབྱོར་གྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་སླར་གསོ་ཡོང་ཆེད་སྒུལ་ཤུགས་གསར་པ་སྣོན་པར་སྐུལ་ཁྲིད་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།