ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  ཟླ11པའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཡིད་རྟོན་ཤོར་བའི་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཡིད་རྟོན་ལམ་ལུགས་ཆ་ཚང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བར་འདེགས་ཤུགས་འདོན་སྤྲོད་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚོགས་ཡིད་རྟོན་ལག་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། དེ་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་གཙོ་བོ་ཡིན། ཡིད་རྟོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་འདྲ་མཉམ་ཡིད་རྟོན་གྱི་ཚོང་ར་དང་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་ཆེད། ཚོགས་ཐོག་ནས་ཁྲིམས་ལྟར་ཚད་ལྡན་ལུགས་མཐུན་ཡིན་པ་དང་ཁེ་དབང་སྲུང་སྐྱོབ་བྱེད་པ། གསལ་ཁྲའི་དོ་དམ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཡིད་རྟོན་ཤོར་བའི་ཚོད་འཛིན་ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། གོ་རིམ་ལྡན་ཞིང་བདེ་བླག་ངང་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།  མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱེད་པ་དེ་གོ་གནས་དང་པོར་བཞག་སྟེ། ཐོན་སྐྱེད་བདག་གཉེར་ལས་ཁུངས་ཀྱི་གཙོ་གཞིའི་འགན་འཁྲི་ལ་སྔར་ལས་ལ་ཤུགས་སྣོན་པ་དང་། ས་གནས་སྲིད་གཞུང་དང་འཕྲལ་སྒྲུབ་དོ་དམ་ལས་ཁུངས་དང་ལས་རིགས་དོ་དམ་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་པའི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་དགོས། ཚོགས་ཐོག་ནས་འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་ནས་གྲོས་ཞིབ་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།