ཝང་ཡུས་ཡན་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་བརྗེ་རེས་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པའི་སྣེ་ཁྲིད་པ་དང་གདོང་ལེན་པ་བྱེད

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  ཟླ11པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གི་སློབ་གཙོ་ཝང་ཡུས་ཡན་གྱིས་འགོ་འཛིན་བྱས་ཏེ། ལས་བགོས་འབྲེལ་གཏུག་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་བརྗེ་རེས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཆེད་བསྐོས་དགེ་རྒན་ཆེན་མོ་ཁག་ཅིག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞུང་ལུགས་དང་འབྲེལ་ནས་ཀློག་འགྲེལ་བྱས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འགན་ཁུར་བློ་མཐུན་བཅས་ཀྱིས་རང་ཉིད་ཀྱི་བྱ་བ་དང་འབྲེལ་ནས་སློབ་སྦྱོང་གི་མྱོང་ཚོར་དང་བསམ་ཕྱོགས་བརྗོད།

ཝང་ཡུས་ཡན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་སྒྲིག་ལུགས་གཞུང་སྒྲུབ་ཁང་། ལས་བྱེད་པ་རྒན་པ་ཅུའུ། ཞིང་ཆེན་ཏང་གི་སློབ་གྲྭ་བཅས་ནི་ཏང་ཆེན་ཏང་ཨུ་ཡི་འགན་ནུས་སྡེ་ཁག་གལ་ཆེན་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་ལངས་གནས་སྔར་ལས་མཐོ་བ་དང་གནས་སྟངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་མཐོ་བ་བཅས་ཀྱི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས། དུས་ཚོད་ཀྱི་སྣོལ་མཚམས་དང་འཕེལ་རྒྱས་ཀྱི་གོ་རིམ། ལམ་ལུགས་ཀྱི་ཁྱད་ཆོས་སོགས་ངོས་ཐད་ནས་རྩོད་སྒྲུབ་དང་མ་ལག འཐབ་ཇུས། ཁྲིམས་སྐྱོང་། གཞི་ཐིག་བཅས་ཀྱི་བསམ་ཕྱོགས་བྱེད་ཐབས་བརྒྱུད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ངོ་བོར་རྒྱུས་ལོན་དང་ཁོངས་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆབ་སྲིད་རང་རྟོག་དང་བསམ་བློའི་རང་རྟོག་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཁོ་མོས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་ནས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་རྩ་བའི་འགན་སྲུང་ལ་ཤུགས་སྣོན་བྱེད་པ་འབུར་དུ་ཐོན་པར་བྱེད་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་རིན་ཐང་གི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྲུན་གྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་སྟོན་བྱེད་པའི་གཞི་རྩའི་ཐབས་ལམ་རྒྱུན་ཆེད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་གྲུབ་ཆ་དམ་པོར་འཛིན་པ། ཁྱོན་ཡོངས་ནས་ཉེན་ཁ་སྔོན་འགོག་དང་འདུམ་འགྲིག་ཐག་གཅོད་བྱེད་པའི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ་སློབ་སྦྱོང་དང་ལག་བསྟར་མཐའ་འཁྱོལ་བྱེད་པའི་གནད་ས་ཡང་དག་འཚོལ་ཞིབ་བྱེད་དགོས་ཟེར།

མཇུག་མཐར་ཁོ་མོས་རྒྱུན་མཐུད་སྣེ་ཁྲིད་བྱས་ཏེ་སློབ་སྦྱོང་གཏིང་ཟབ་ཏུང་སྤེལ་བ་དང་སློབ་གསོའི་གསོ་སྦྱོང་དམ་འཛིན་བྱེད་པ། རྟོག་དཔྱོད་ཞིབ་འཇུག་བྱེད་པ། ཚན་རིག་ལྟར་བྱ་བར་ཇུས་འགོ་བྱེད་པ། སློབ་སྦྱོང་གི་ཁོར་ཡུག་བཟང་བོ་སྐྲུན་པ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པའི་སྣེ་ཁྲིད་པ་དང་གདོང་ལེན་པ་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།