ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱིས་བསྡོམས་པས་ནགས་ཚལ་མུའུ་དུང་ཕྱུར5.29སྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསར་འགོད་པས་ཚེས25ཉིན་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་པ་ལྟར་ན།ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་སྐབས་སུ་རྒྱལ་ཁོངས་ལྗང་སྒྱུར་ལས་ཁུངས་ཀྱིས་ས་གནས་སོ་སོ་ནས་རྒྱ་ཁྱབ་ཏུ་སྤེལ་བ་དང་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྒྱལ་ཡོངས་ནས་བསྡོམས་པས་ནགས་ཚལ་མུའུ་དུང་ཕྱུར5.29སྐྲུན་པ་དང་། འོས་འགན་སྡོང་འཛུགས་ཀྱི་སྡོང་རྐང་དུང་ཕྱུར116བཙུགས་པ་རེད།

ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་རིང་ལ། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཞིང་ཆེན15ནས་འཕྲིན་སྦྲེལ་དྲ་བ+དམངས་ཡོངས་འོས་འགན་སྡོང་འཛུགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཤིང་། འོས་འགན་སྡོང་འཛུགས་དྲ་ཐོག་དང་ཡུལ་དངོས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཐོག་མར་མངོན་འགྱུར་བྱས།

2018ལོའི་རིང་ལ། རྒྱལ་ཡོངས་ཀྱི2/3ཡན་གྱི་ནགས་སྐྲུན་ལྗང་སྒྱུར་ལས་འགན་དབུལ་ཕོངས་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད་ཅིང་། ས་གནས་མང་པོ་ཞིག་གིས་ནགས་སྐྲུན་ལས་གཞིའི་དོ་དམ་ལམ་ལུགས་གསར་གཏོད་བྱས་ཏེ། མཉམ་ལས་ཁང+ནགས་སྐྲུན+ཁྱིམ་ཚང་དབུལ་བོ་ཡི་རྣམ་པ་ཁྱབ་གདལ་དུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་སྐབས་སུ། རྒྱལ་ཡོངས་ཀྱིས་སྐྱེ་ཁམས་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་ཁྲི2.3གསར་དུ་བཙུགས་པ་དང་། བསྡོམས་པས་དབུལ་ཕོངས་མང་ཚོགས་ཁྲི160སྐྱེ་ཁམས་འཛུགས་སྐྲུན་ཁྲོད་ཞུགས་སུ་བཅུག

རྒྱལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་མུ་མཐུད་གཙང་བཤེར་ཐེངས་དགུ་བའི་མཇུག་འབྲས་ལྟར་ན། རྒྱལ་ཡོངས་ནགས་ཚལ་གྱི་གཞི་ཁྱོན་མུའུ་དུང་ཕྱུར33ལ་སླེབས་པ་དང་། ནགས་ཚལ་ཁྱབ་ཚད22.96%ལ་སླེབས་ཡོད་པ་རེད།  །ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།