ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུའི་དམག་དོན་སྦྱོང་བརྡར་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་། ཞི་ཅིན་ཕིང་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཟླ11པའི་ཚེས25ཉིན། ཀྲུང་དབྱང་དམག་ཨུའི་དམག་དོན་སྦྱོང་བརྡར་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། དམག་ཡོངས་ཀྱིས་དུས་རབས་གསར་བའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་དགོས། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ།  དམག་འཁྲུག་གི་གྲ་སྒྲིག་དང་དམག་རྒྱག་ལ་དམིགས་རྒྱུ་རྒྱུན་འཁྱོངས་བྱེད་པ། དངོས་འཐབ་དངོས་སྦྱོང་དང་། མཉམ་འཐབ་མཉམ་སྦྱོང་། ཚན་རྩལ་ལ་བརྟེན་ནས་སྦྱོང་བརྡར་བྱེད་པ། ཁྲིམས་ལྟར་སྦྱོང་བརྡར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས། བཅོས་སྒྱུར་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམག་དོན་སྦྱོང་བརྡར་མ་ལག་གསར་པ་གང་མགྱོགས་སྒོསའཛུགས་དགོས། ཕྱོགས་ཡོངས་ནས་སྦྱོང་བརྡར་ཆུ་ཚད་དང་རྒྱལ་ཁ་ལེན་པའི་ནུས་པ་མཐོར་འདེགས་བཏང་སྟེ། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། རང་དམག་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲས་སུ་འགྱུར་བར་འདེགས་སྐྱོར་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།

ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ནན་གྱིས་བསྟན་དོན། དམག་དོན་སྦྱོང་བརྡར་ནི་དམག་དཔུང་གི་རྒྱུན་གཏན་རང་བཞིན་གྱི་ལྟེ་བའི་ལས་དོན་ཞིག་རེད། འཐབ་འཛིང་གི་ནུས་ཤུགས་ཆགས་པ་དང་མཐོ་རུ་འགྲོ་བའི་གཞི་རྩའི་ཐབས་ལམ་ཡིན་ལ། ཆེས་ཐད་ཀའི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཀྱང་ཡིན། དམག་དཔུང་གིས་དམག་འཁྲུག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པར་འགན་ལེན་བྱ་རྒྱུ་དང་། དམག་དཔུང་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས《ཀྲུང་དབྱང་དམག་ཨུའི་དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ》སྒྲོག་སྦྱངས་གནང་བ་རེད། དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ལས་ཁུངས10དང་། དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་མི་སྒེར23ལ་གཟེངས་བསྟོད་བྱས་ཡོད། ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་བྱ་ཡུལ་ལ་བྱ་དགའ་གནང་བ་རེད།

  ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། དམག་ཨུ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་དམག་ཡོངས་ཀྱི་ཚན་པ་ཆེ་གྲས་ཁག་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།